རྒྱ་ནག་གིས་ཡུ་གུར་བ་ས་ཡ་གཅིག་ནས་གཉིས་བར་ཞིག་ཁྲིམས་མེད་ལུགས་མེད་ངང་དོ་དམ་བྱས་པ་དང་། དེ་ནི་འགྲོ་བ་མི་ལ་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་དང་འགལ་བའི་ནག་ཉེས་བསགས་པ་ཆགས་ཀྱི་ཡོད་པ་སོགས་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་བྱེད་མཁན་གྱི་ཚོ་ཁག་ཚོས་རྒྱ་ནག་ལ་ཉེས་འཛུགས་འཛུགས་ཀྱིན་ཡོད་པ་རེད།
དབྱིན་ཇིའི་རྒྱལ་རབས་ལོ་རྒྱུས་ནང་ཁྲི་འཛིན་ཡུན་རིང་ཤོས་གནང་མཁན་གྱི་རྒྱལ་མོ་ཨེ་ལི་ཛེ་བྷེ་ཐི་ཁ་སང་དགུང་ལོ་༩༦་ཐོག་སྐུ་གཤེགས་པ་དང་། དེ་རིང་གཟའ་པ་སངས་ཉིན་རྒྱུད་འཛིན་རྒྱལ་པོ་གསར་པ་ཆར་ལེ་སི་ཡིས་རྒྱལ་པོ་ཆགས་རྗེས་ཀྱི་ཉི་གཞོན་དང་པོ་དེ་བསུས་པའི་སྐོར། འཕྲིན་ལས་ཆོས་སྒྲོན་གྱིས་གནས་ཚུལ་རྒྱས་པ་ཞིག་སྤྱན་སྒྲོན་ཞུས་ཡོད།
གྷོར་བྷ་ཆོབ་དམ་པ་དེར་གུས་བཀུར། རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་དང་འགལ་བའི་ནག་ཉེས་བསགས་སྐད། ཡུ་རོབ་མཉམ་འབྲེལ་གྱིས་རྒྱ་ནག་ལ་སྐྱོན་བརྗོད། ཁྲིང་ཏུའུ་གྲོང་ཁྱེར་ལ་སྒོ་རྒྱ་བསྡམས། མགོན་པོ་དོན་གྲུབ་གཞོན་ནུའི་ཚོཊ་གཙོར་བསྐྱར་འདེམས།
འབར་མའི་ནང་གི་ཁ་ཆེ་རཱོ་ཧིན་གྱ་ཚོ་ལ་འབར་མའི་དམག་མིས་གདུག་རྩུབ་ཆེན་པོའི་དྲག་གནོན་འགོ་བཙུགས་ནས་རཱོ་ཧིན་གྱ་ས་ཡ་བརྒལ་བ་སྐྱབས་བཅོལ་བ་ཆགས་སྟེ་ད་ཆ་མི་ལོ་ལྔ་ཕྱིན་པ་ཁ་ས་སྐྱབས་བཅོལ་བ་རཱོ་ཧིན་གྱ་ཚོས་རྔམ་སྟོན་ཁྲོམ་སྐོར་སོགས་པ་བྱེད་འདུག དེའི་སྐོར་འཕྲིན་ལས་ཆོས་སྒྲོན་གྱིས་ཕྱོགས་བསྡུས་ཞུས་ཡོད།
ཨུ་རུ་སུ་ཡུཀ་རེན་ལ་བཙན་འཛུལ་མུ་མཐུད་ནས་ད་ཆ་ལོ་གཅིག་གི་ཕྱེད་ཀ་ཡོལ་བའི་མཚམས་ལ་ཁ་ཉིན་ཡུཀ་རེན་གྱི་རང་བཙན་ཉིན་མོར་ཨ་རིས་ཡུཀ་རེན་ལ་ཨ་སྒོར་དུང་ཕྱུར་གསུམ་བཅུའི་མ་གནས་ཀྱི་གོ་མཚོན་ལག་ཆའི་རོགས་རམ་གསར་པ་གསར་རྐྱང་ཞིག་གསལ་བསྒྲགས་གནང་སོང་། དེའི་སྐོར་ཞིག་འཕྲིན་ལས་ཆོས་སྒྲོན་གྱིས་ངོ་སྤྲོད་ཞུ་ཡི་ཡོད།
༄༅།། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་དང་། ཏུར་ཀི་ཡི་སྲིད་འཛིན་གཉིས་ཡུཀ་རེན་ལ་ཕེབས་ཏེ་ཁ་སང་ཡུཀ་རེན་གྱི་སྲིད་འཛིན་ལ་མཇལ་འཕྲད་གྲོས་མོལ་གནང་ཞིང་། ཕྱོགས་གསུམ་པོས་གྲོས་གཞི་དུ་མ་ཞིག་ལ་བཀའ་བསྡུར་གནང་བའི་ནང་ཛ་པོ་རི་ཤེ་ཡའི་རྡུལ་ཕྲན་ནུས་ཤུགས་ཀྱི་གློག་ཁང་ཐད་ལ་ཐུགས་འཚབ་ཅི་ཆེ་གླེང་འདུག
ལོ་གཅིག་གི་གོང་དུ་ཨ་རིའི་དམག་དཔུང་ཨབ་གྷ་ཎི་སི་ཐན་ནས་ཕྱིར་འཐེན་བྱས་རྗེས། ད་ཆ་ཏ་ལི་བྷན་གྱི་དབང་སྒྱུར་འོག་ཏུ་ཨབ་གྷ་ཎི་སི་ཐཱན་གྱི་མི་མང་ལ་བཟའ་བཅའ་མ་འདང་པ་སོགས་ཀྱི་དཀའ་ངལ་ཚབས་ཆེན་འཕྲད་བཞིན་པར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་མི་ཆོས་རོགས་རམ་གནང་སྟངས་ཀྱི་ཐབས་ལམ་འཚོལ་བཞིན་པ་རེད།
ཨ་རིའི་སྲིད་འཛིན་ཟུར་པ་ཊམ་གྱི་སྐུ་སྒེར་གཟིམས་ཁང་ལ་ཨ་རིའི་གསང་བའི་ལྷན་ཁང་གིས་གཟའ་ཟླ་བའི་ཉིན་བསྔོག་བཤེར་བྱས་པ་དེ་ནི་ཨ་རིའི་ཁྲིམས་འཛིན་ལྷན་ཁང་གི་སྤྱི་ཁྱབ་རང་གིས་བཀའ་འཁྲོལ་གནང་བ་ཞིག་ཡིན་པ་དང་། སྐུ་ཞབས་ཊམ་གྱི་དགག་བྱ་མེད་ན་བསྔོག་བཤེར་དེའི་རྒྱུ་མཚན་གསལ་བའི་བཀའ་ཤོག་ཡོངས་བསྒྲགས་གནང་རྒྱུའི་སྙན་ཞུ་ཕུལ་ཡོད།
ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷི་ལིན་ཁིན་གྱིས་གཟའ་འཁོར་འདིར་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་གསུམ་དུ་འཚམས་གཟིགས་གནང་བ་ཁ་ས་མཇུག་སྒྲིལ་པ་དང་། འཚམས་གཟིགས་དེའི་སྐབས་ཕྱི་སྲིད་དྲུང་ཆེས་གླིང་ཆེན་ཨ་ཧྥེ་རི་ཀའི་རྒྱལ་ཁབ་ཚོས་རྒྱལ་ཁབ་གཞན་སུ་དང་འབྲེལ་བ་དོན་གཉེར་བྱ་དང་མི་བྱ་ལ་ཨ་རིས་བཀའ་བཀོད་གཏང་གི་མེད་པ་ནན་བརྗོད་གནང་འདུག
ན་ནིང་༢༠༢༡ ལོའི་ཟླ་དང་པོའི་ཚེས་༦ ཉིན་ཨ་རིའི་གྲོས་ཚོགས་ལ་ངོ་རྒོལ་བས་དཔུང་འཛུལ་བྱུང་སྐབས། དེ་དུས་ཀྱི་སྲིད་འཛིན་ཌོ་ནལ་ ཊམ་གྱིས་ག་རེ་གནང་གིན་བཞུགས་པ་གཙོར་འདོན་བྱས་པའི་ཉན་ཞིབ་ཐེངས་བརྒྱད་པ་དེ་མདང་དགོང་འཚོགས་པའི་སྐོར་ཞིག་འཕྲིན་ལས་ཆོས་སྒྲོན་གྱིས་ངོ་སྤྲོད་ཞུ་ཡི་རེད།
ཡུཀ་རེན་གྱི་སྲིད་འཛིན་གྱི་སྐུ་ཟླ་ཨོ་ལེ་ཎ་ ཛེ་ལན་སི་ཀས་ཨ་རིའི་གྲོས་ཚོགས་སུ་གསུང་བཤད་གནང་དུས་ཨ་རིས་ཡུཀ་རེན་ལ་ད་བར་དུ་རོགས་རམ་གང་ཡོང་གནང་བ་ལ་ཐུགས་རྗེ་ཆེ་ཞུས་གནང་པ་དང་སྦྲགས་ཡུཀ་རེན་གྱི་མི་དམངས་ནི་ཨུ་རུ་སུའི་དྲག་རྒོལ་ལས་སྐྱོབ་ཆེད་ཨ་རིས་ཡུཀ་རེན་ལ་གོ་མཚོན་འཕར་མ་གནང་རྒྱུའི་འབོད་སྐུལ་ཞུས་པ་རེད།།
གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ངན་པ་བཟློག་རྒྱུ་དང་ ཚབས་ཚུང་དུ་གཏོང་རྒྱུར་ཨ་རིའི་གྲོས་ཚོགས་སུ་ཁྲིམས་འཆར་གྱི་མདུན་ལམ་མེད་པ་ལྟ་བུ་ཆགས་དུས། སྲིད་འཛིན་སྐུ་དབང་གི་བཀོད་ཁྱབ་ལམ་ལུགས་བེད་སྤྱོད་བཏང་ནས་སྲིད་འཛིན་བྷ་ཌན་གྱིས་ལས་དོན་ཁག་ཅིག་སྤེལ་འགོ་ཚུགས་པ་འཕྲིན་ལས་ཆོས་སྒྲོན་གྱིས་ངོ་སྤྲོད་ཞུ་ཡི་རེད།
བོད་རྒྱའི་རྩོད་རྙོག་སེལ་རྒྱུར་དམིགས་པའི་ཁྲིམས་འཆར་གསར་པ་ཞིག་ཁ་ཉིན་ཨ་རིའི་གྲོས་ཚོགས་ལ་འབུལ་ལམ་བྱུང་ཡོད། གྲོས་འཆར་དེ་ནི་བོད་རྒྱ་གཉིས་དབར་གྲོས་མོལ་སྤེལ་རྒྱུའི་ཨ་རིའི་སྲིད་བྱུས་ཀྱི་ནུས་པ་ཤུགས་ཆེར་གཏང་རྒྱུ་དང་བོད་པའི་རང་ཐག་རང་གཅོད་ཐོབ་ཐང་སོགས་ཚུད་ཡོད། དེའི་སྐོར་འཕྲིན་ལས་ཆོས་སྒྲོན་གྱིས་ངོ་སྤྲོད་ཞུ་ཡི་ཡོད།
སྲིད་འཛིན་ཇཱོ་ བྷ་ཌན་གྱིས་བདུན་ཕྲག་རྗེས་མའི་ནང་འཛམ་གླིང་དཀྱིལ་ཤར་ས་ཁུལ་ལ་འཚམས་གཟིགས་གནང་རྒྱུ་དང་། ཆབ་སྲིད་འགྱུར་ལྡོག་ཆེ་བའི་ས་ཁུལ་དེར་སུ་ནེ་ཆོས་རྒྱུད་ཡིན་པའི་སའོ་ཊི་ཨ་རབ་དང་། ཞེ་ཡ་ཆོས་རྒྱུད་ཀྱི་གཞུང་འཛིན་པ་ཡོད་པའི་ཨེ་རན་བར་གྱི་འབྲེལ་ལམ་འགྱུར་ལྡོག་དང་དམིགས་ཡུལ་འཕྲིན་ལས་ཆོས་སྒྲོན་གྱིས་ངོ་སྤྲོད་བྱས་ཡོད།
འདས་པའི་ལོ་གསུམ་གྱི་རིང་དེར་རྒྱ་གར་གྱི་ཀ་ཤེ་མཱིར་(Kashmir)ཁུལ་གྱི་རྩ་ཆེའི་ཨ་མཱར་ནཱ་དཱ་(Amarnath)བྲག་ཕུག་ལ་གནས་མཇལ་ལ་བཀག་འགོག་བྱུང་པའི་རྗེས། ད་ལྟ་དེ་ཁུལ་ལ་གནས་སྐོར་བ་དུས་རྒྱུན་དང་མི་འདྲ་བ་ཧ་ཅང་མང་པོ་སླེབས་རྒྱུའི་ཚོད་དཔག་ཡོད་པའི་སྐོར། འཕྲིན་ལས་ཆོས་སྒྲོན་གྱིས་སྙན་སྒྲོན་ཞུ་ཡི་རེད།
ཨི་རན་གྱི་རྡུལ་ཕྲན་གོ་མཚོན་གྱི་ཉེན་ཁ་དེ་ནི་སྲིད་འཛིན་བྷ་ཌན་ཟླ་འདིའི་ནང་འཛམ་གླིང་དཀྱིལ་ཤར་ས་ཁུལ་ལ་ཕེབས་སྐབས་གནད་དོན་གལ་ཆེན་ཞིག་ཆགས་ཡོད། སྐབས་ཐོག་འདིར་ཨེ་སི་རལ་དང་ཨི་རན་གཉིས་བར་དུ་དྲ་ལམ་དམག་འཁྲུག་དང་མི་བུ་ལྐོག་གསོད་ཀྱི་ཉེན་ཚབས་ཀྱང་ཆེ་རུ་འགྲོ་བཞིན་པའི་སྐོར། འཕྲིན་ལས་ཆོས་སྒྲོན་གྱིས་ཕབ་སྒྱུར་བྱས་ཡོད།
ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་མི་རྒྱལ་ཁབ་རྣམ་པའི་དབུ་ཁྲིད་ཚོ་སི་པེན་དུ་འཚོགས་དུས་ཡུཀ་རེན་གྱིས་གོ་མཚོན་ཤུགས་ཆེན་གསར་པ་དགོས་པའི་དགོས་འདུན་བཏོན། ཡུཀ་རེན་ལ་གོ་མཚོན་ག་རེ་སྤྲད་རྒྱུའི་ཁས་ལེན་བྱུང་ཡོད་པ་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་བཏང་པའི་གནས་ཚུལ་འཕྲིན་ལས་ཆོས་སྒྲོན་གྱིས་ཕབ་སྒྱུར་བྱས་ཡོད།།
༄༅།། ཨུ་རུ་སུའི་བཙན་འཛུལ་རྐྱེན་གྱིས་ཡུཀ་རེན་དུ་ད་ཆ་འགྲོ་བ་མི་ས་ཡ་༡༦ མ་ཟིན་ཙམ་ལ་མི་ཆོས་རོགས་རམ་མཁོ་བ་སོགས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁ་སང་གསལ་བསྒྲགས་གནང་པ་འཕྲིན་ལས་ཆོས་སྒྲོན་གྱིས་སྙན་སྒྲོན་ཞུ་ཡི་རེད།
རྒྱ་ནག་དང་། རྒྱ་གར། ཨུ་རུ་སུ། ལྷོ་ཨ་ཧྥ་རི་ཀ བྷིར་ཛིལ་བཅས་ཀྱི་མཐུན་ཚོགས་BRICS ཞེས་པའི་ལོ་རེའི་ཆོགས་ཆེན་སྟེང་རྒྱལ་སྤྱིའི་ཞི་བདེ་དང་ཡུཀ་རེན་སོགས་པའི་གནད་དོན་ཐད་གྲོས་བསྡུར་བྱས་པའི་ནང་། རྒྱ་ནག་དང་ཨུ་རུ་སུས་ཨ་རི་དང་ཨ་རིའི་མཐུན་ཕྱོགས་ལ་ཟུར་ཟ་བྱས་པའི་སྐོར་འཕྲིན་ལས་ཆོས་སྒྲོན་གྱིས་སྙན་སྒྲོན་ཞུ་ཡི་རེད།
མང་སྣོན།