ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པར་བརྟེན་ནུབ་ཕྱོགས་ཀྱིས་ཨུ་རུ་སུ་ལ་དཔལ་འབྱོར་ཉེས་ཆད་བཏང་བ་དེས་ཨུ་རུ་སུའི་དཔལ་འབྱོར་ལ་དོ་ཕོག་འདྲ་མིན་ཡོང་བཞིན་པ་དང་། ཨུ་རུ་སུའི་མི་མང་དཀྱུས་མའི་བསམ་ཚུལ་ལ་གོད་ཆག་དེ་ཚོོ་ཡུལ་ཐང་འཕར་ཆ་ཆེན་པོའི་དོན་རྐྱེན་ཞིག་ལ་རྩི་བཞིན་པའི་གནས་ཚུལ་འཕྲིན་ལས་ཆོས་སྒྲོན་གྱིས་ངོ་སྤྲོད་ཞུས་ཡོད།
ན་ནིང་ཨ་རིའི་སྲིད་འཛིན་གསར་པ་བྷ་ཌན་ཇི་ལྟར་འོས་འདེམས་བྱུང་པ་བཞིན་གྲོས་ཚོགས་ཀྱིས་གཏན་འབེབས་དང་ངོས་སྦྱོར་གནང་བའི་ཉིན་གྲོས་ཚོགས་ལ་གཏོར་རྒོལ་བྱུང་པ་དེར་གྲོས་ཚོགས་འོག་མའི་ཞིབ་དཔྱོད་ཀྱི་ཡོངས་གྲགས་ཉན་ཞིབ་གསུམ་པ་ཁ་སང་གནང་པའི་མདོ་དོན་ཞིག་འཕྲིན་ལས་ཆོས་སྒྲོན་གྱིས་སྤྱན་སྒྲོན་ཞུ་ཡི་རེད།
ཡུཀ་རེན་དུ་ཨུ་རུ་སུའི་དམག་འཁྲུག་མཇུག་སྒྲིལ་ལ་ཉེ་བའི་རྟགས་མཚན་མེད་པའི་སྐབས་འདིར། རྒྱལ་སའི་ཉེ་འདབས་གྲོང་ཁྱེར་ཨེར་པིན་དུ་དམག་ནས་ཐར་པའི་གྲོང་མི་ཁག་ཅིག་ད་ཆ་ཨེར་པིན་ལ་ཕྱིར་ལོག་ཐུབ་ཡོད་ནའང་དཀའ་ངལ་འཕྲད་བཞིན་ཡོད་པའི་སྐོར་འཕྲིན་ལས་ཆོས་སྒྲོན་གྱིས་སྤྱན་སྒྲོན་ཞུ་ཡི་རེད།
༄༅།། བོད་ཟླ་བཞི་པ་ས་ག་ཟླ་བ་དང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུའི་འཁྲུངས་སྐར་གྱི་དགའ་སྟོན་སྲུང་བརྩི་ཞུ་བར་སོག་པོའི་རྒྱལ་ས་ཨུ་ལཱན་བྷ་ཏོར་དུ་༧གོང་ས་མཆོག་གི་མཛད་འཕྲིན་གྱི་སྐུ་པར་འགྲེམ་སྟོན་ཞིག་དབུ་འབྱེད་གནང་ཡོད་པར་མ་ཟད།
༄༅།། ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཤར་ཕྱོགས་སུ་ཆགས་པའི་ཌོན་བྷ་སི་མངའ་ཁུལ་དུ་དབང་བསྒྱུར་བྱེད་པར་ཁུལ་དེའི་སི་ཝེ་རོ་ཌོ་ནེ་ཛིཀ་གྲོང་ཁྱེར་དོན་དུ་འཐབ་འཁྲུག་དྲག་པོ་རྒྱག་གི་ཡོད་ཅིང་། དེང་སྐབས་ཨུ་རུ་སུ་དང་ཡུཀ་རེན་གྱི་གཞུང་དམག་གིས་ཕན་ཚུན་དམག་འཐབ་དྲག་པོ་རྒྱག་བཞིན་པའི་སྐོར།
དེ་རིང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་ཉིན་གཉིས་རིང་བོད་རིགས་གཞོན་སྐྱེས་རྣམས་ལ་གསུང་ཆོས་སྩལ་བ་དང་། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་རྒྱལ་སྤྱིའི་ཆོས་དད་རང་མོས་སྙན་ཐོ་བཏོན་པ། ཡུག་ཀེ་རན་དམག་འཁྲུག་བྱུང་ནས་ཉིན་བརྒྱ་འཁོར་བ། རྒྱ་གར་དང་ཏ་ལི་བྷན། དབྱིན་ཇིའི་རྒྱལ་མོ་ཁྲི་ལ་འཁོད་ནས་ལོ་༧༠ འཁོར་བ་སོགས་ཡོད།
༄༅།། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཊ་མི་ཌག་ཝོར་ཐེ་མཚོ་གླིང་ཡུལ་གྲུ་ཐེ་ཝན་ལ་འཚམས་འདྲིར་ཕེབས་ཏེ་སྲིད་འཛིན་ཚེ་དབྱིན་ཝེན་ལ་ཐུག་འཕྲད་གྲོས་མོལ་བྱས་ཡོད་ཅིང་། ཨ་རིའི་ཡུལ་སྲུང་དམག་དང་ཐེ་ཝན་གྱི་རྒྱལ་སྲུང་དམག་དཔུང་མཉམ་འབྲེལ་བྱ་རྒྱུའི་འཆར་འགོད་བྱེད་ཀྱི་ཡོད་ཅེས་གསལ་བསྒྲགས་སྤེལ་ཡོད་པའི་སྐོར།
༄༅།། དེ་རིང་གཟའ་མིག་དམར་ཉིན་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་དང་རྒྱ་གར་གྱི་སྲིད་བློན་མོ་དྷི་གཉིས་ཉི་ཧོང་དུ་མཇལ་འཕྲད་གྲོས་མོལ་གནང་སྟེ་རྒྱ་གར་རྒྱ་མཚོ་ནས་ཞི་བདེའི་རྒྱ་མཚོའི་བར་གྱི་གནད་དོན་ཁག་ལ་ཨ་རི་དང་རྒྱ་གར་གཉིས་ལྟ་ཚུལ་གཅིག་མཚུངས་བྱུང་སོང་ཞེས་སྲིད་བློན་མོ་དྷིས་གསུངས་ཡོད་ཅིང་།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་དམིགས་བསལ་བོད་དོན་འབྲེལ་མཐུད་པ་༧གོང་ས་མཆོག་དང་མཇལ་འཕྲད་གནང་བ་དང་། སྲིད་འཛིན་བྷ་ཌན་གྱིས་ཨེ་ཤེ་ཡ་ལ་འཚམས་གཟིགས་གནང་བཞིན་པ་དང་ཡུག་ཀེ་རན་ལ་འཚམས་གཟིགས་གནང་སྲིད་མིན། ཡུག་ཀེ་རན་དམག་འཁྲུག་གནས་སྟངས། ཐེ་ཝན་གྱི་ཆོས་ཚོགས་ཤིག་ཏུ་མེ་མདའ་བརྒྱབ་པ་སོགས་ཡོད།
༄༅།། བྱང་ཀོ་རི་ཡར་ཕྱི་ཟླ་༤་པ་ནས་བཟུང་སྟེ་ཏོག་དབྱིབས་ནད་དུག་ཁྱབ་གདལ་སོང་། ད་ལྟ་མི་མང་ས་ཡ་གཅིག་དང་ཕྱེད་ཀ་ཙམ་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ཉེན་ཁ་ཡོད་ཅིང་། ཕྱི་ཟླ་༤་པ་ནས་ནད་ཡམས་དེའི་རྐྱེན་གྱིས་མི་༥༦་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ཐོན་འདུག་པའི་སྐོར།
དེ་རིང་གི་ཀུན་གླེང་གསར་འགྱུར་ནང་སྲིད་འཛིན་བྷ་ཌན་གྱིས་ལྷོ་ཤར་ཨེ་ཤི་ཡའི་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱལ་ཁབ་འགོ་ཁྲིད་ཚོར་མཇལ་འཕྲད་གནང་བ་དང་། ཏོག་ནད་ལ་གདོང་ལེན་བྱེད་ཕྱོགས་ཐད་ཀྱི་འཛམ་གླིང་ཚོགས་ཆེན། ཨ་རིའི་དཔལ་འབྱོར་སྲིད་ཇུས། ཡུག་ཀེ་རན་ལ་རོགས་སྐྱོར། ཀིརྟི་བྱེས་པ་གྲྭ་ཚང་གི་བསླབ་པ་མཐར་སོན་མཛད་སྒོ་སོགས་ཡོད།
ཧྥི་ལི་ཕིན་གྱི་གཞུང་དངུལ་ཨ་སྒོར་དུང་ཕྱུར་མང་པོ་བཅོམ་མཁན་གྱི་སྲིད་དབང་སྒེར་འཛིན་པ་འདས་པོ་དེའི་བུ་ཧྥར་ཌི་ནན་ཌི་མར་ཀོ་སི་ལ་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ཡོད་ཅིང་།
དེ་རིང་གི་ཀུན་གླེང་གསར་འགྱུར་ནང་སྲིད་སྐྱོང་གིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད། པེ་ཅིང་གི་ལྕགས་ལམ་དང་རྒྱ་ལམ་ཁག་ཅིག་སྒོ་བརྒྱབ་པ། འཛམ་གླིང་ལ་འབྲུ་རིགས་མི་འདང་བའི་དཀའ་ངལ། ཨུ་རུ་སུས་དམག་འཁྲུག་གི་ནག་ཉེས་བསགས་པའི་དཔང་རྟགས་བསྡུ་རུབ། འཛམ་གླིང་ལ་ཆིབ་ལེབ་མ་འདང་བའི་དཀའ་ངལ།
༄༅།། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ནས་སྲིད་སྐྱོང་གི་ཐུགས་འགན་བཞེས་རྗེས་ཨ་རིའི་གཞུང་དོན་ཕྱོགས་ཕེབས་ཐེངས་དང་པོ་གྲུབ་སྟེ་ཁེ་ཎ་ཌའི་གཞུང་དོན་ཕྱོགས་ཕེབས་དབུ་འཛུགས་གནང་ཡོད་པའི་སྐོར།
༄༅།། གཟའ་ཕུར་བུའི་ཉིན་འཇར་མན་ཎིའི་གྲོས་ཚོགས་སུ་བགྲོ་གླེང་དང་འོས་བསྡུ་བྱས་ནས་འཇར་མན་གཞུང་གིས་ཡུཀ་རེན་ལ་མཚོན་ཆ་ཆེ་ཁག་སྤྲོད་རྒྱུའི་མང་མོས་རྒྱབ་སྐྱོར་ཐོབ་ཡོད་ཅིང་། འདི་ནི་འཇར་མི་གཞུང་གི་སྲིད་བྱུས་ལ་འགྱུར་ལྡོག་ཆེན་པོ་ཞིག་ཡིན་པའི་སྐོར།
དེ་རིང་གི་ཀུན་གླེང་གསར་འགྱུར་ནང་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཨ་རིའི་གྲོས་ཚོགས་ཚོགས་གཙོ་སོགས་ལ་མཇལ་འཕྲད་གནང་བ་དང་། རྒྱ་རིགས་དམངས་གཙོ་དོན་གཉེར་བས་སྣེ་ལེན། ཨ་རི་དང་ཨུ་རུ་སུས་བཙོན་པ་བརྗེ་རེས། ཨུ་རུ་སུས་ཡུག་ཀེ་རན་དུ་མི་རིགས་གཙང་སེལ་གྱི་ནག་ཉེས་བསགས་ཡོད་མེད། ཨ་རིའི་ནང་གི་ཏོག་ནད་ཀྱི་གནས་སྟངས་སོགས་ཡོད།
༄༅།། སྲིད་སྐྱོང་སྤེན་པ་ཚེ་རིང་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་ཡ་ན་ལི་པ་ཝ་སི་ཀི་རྒྱལ་ས་ཝ་ཤིང་ཊོན་དུ་མཇལ་འཕྲད་བྱུང་ཡོད་ཅིང་། སྲིད་སྐྱོང་གིས་དམངས་གཙོ་གོང་འཕེལ་དང་བོད་རྒྱའི་གྲོས་མོལ་ཡོང་ཐབས་མུ་མཐུད་དུ་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་
༄༅།། དབྱིན་ཇིའི་སྲིད་བློན་ཇཱོན་སན་རྒྱ་གར་ལ་འཚམས་འདྲིའི་ཕེབས་པའི་སྐབས་སུ་ཕྱོགས་གཉིས་ཀྱིས་གང་མགྱོགས་རང་དབང་ཚོང་འབྲེལ་འཛུགས་རྒྱུ་དང་རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲུང་འབྲེལ་བ་རྒྱ་སྐྱེད་གཏོང་རྒྱུའི་གྲོས་མཐུན་བྱུང་ཡོད་ཅིང་།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མིའི་ལས་བྱེད་ཁག་ཅིག་ལ་མཇལ་ཁ་བསྩལ་བ་དང་། དེ་བཞིན་དུ་ཕོ་བྲང་དུ་འཛམ་གླིང་གོ་ལའི་ཉིན་མའི་སྲུང་བརྩི་གནང་བ། ཡུག་ཀེ་རན་ནང་གི་དམག་འཁྲུག་གི་གནས་སྟངས། དབྱིན་ཇིའི་སྲིད་བློན་གྱི་རྒྱ་གར་འཚམས་གཟིགས། ཧྥ་རན་སིའི་འོས་བསྡུ་སོགས་ཡོད།
དེ་རིང་གི་ཀུན་གླེང་གསར་འགྱུར་ལ་"བོད་དུ་གོ་རིམ་ལྡན་པའི་དམ་དྲག་ཡོད་པ་"ཨ་རིའི་ཕྱི་སྲིད་དྲུང་ཆེས་གསུངས་་ཡོད་པའི་སྐོར་དང་། བཀྲ་ཤིས་དབང་ཕྱུག་ལ་བརྙས་བཅོས་དང་དམ་དྲག་བྱེད་བཞིན་པ། བཙན་གཡེམ་དང་རྩུབ་སྤྱོད་འགོག་ཐབས། ཨ་རིའི་གྲོས་ཚོགས་འཐུས་མིས་ཐའེ་ཝན་ལ་འཚམས་འདྲི་གནང་བའི་སྐོར་སོགས་ཡོད།
མང་སྣོན།