གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་། ཡེ་ཤུའི་བླ་ཆེན་ཨིན་རྡུ་ཎི་ཤི་ཡར་ཕེབས་པ། ཕུ་ཏིན་སོག་ཡུལ་དུ་འཚམས་འདྲིར་འབྱོར་བ། ཨ་རི་དང་ལྷོ་ཀོ་རི་ཡས་མཉམ་འབྲེལ་དམག་སྦྱོང་སྤེལ་བ། པ་ཀི་སི་ཐན་གྱི་ཚོང་ཁང་ཞིག་ལ་འཕྲོག་བཅོམ་བྱས་པ། སུད་སིའི་བ་ཕྱུགས་དུས་ཆེན་སྲུང་བརྩི་བཅས་ཡོད།
རེས་གཟའ་ཕུར་བུ་ཉིན་ལ་ཧོང་ཀོང་ཁྲིམས་ཁང་ཞིག་གིས་དེ་སྔར་སྒོ་བརྒྱབ་ཟིན་པའི་ལངས་ཕྱོགས་གསར་ཁང་གི་རྩོམ་སྒྲིག་པ་གཉིས་ལ། མང་ཚོགས་ལ་ངན་སྐུལ་དཀྲུག་ཤིང་བྱས་པའི་ནག་ཉེས་བཀལ་ཡོད་པ་དང་། དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་བཞིན་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
ཏ་ལི་པན་གྱིས་ཨབ་གྷ་སི་ཐན་ལ་དབང་བསྒྱུར་བྱས་ནས་ལོ་གསུམ་ཙམ་གྱི་རིང་ལ། ཡུལ་དེའི་བུད་མེད་ཚོའི་ཐོབ་ཐང་ཇེ་ཞན་ཇེ་སྡུག་ཕྱིན་ཡོད་དང་། མི་ཚོས་ཨ་རིའི་གཞུང་གིས་ཨབ་གྷ་སི་ཐན་ནང་གི་བུད་མེད་ཚོའི་ཐོབ་ཐང་ལ་དོ་སྣང་མང་བ་སྤྲད་དགོས་ཞེས་རེ་སྐུལ་བྱེད་བཞིན་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཞབས་པུས་སྨན་བཅོས་ལེགས་པར་གྲུབ་ནས་ཨ་རི་དང་སུད་སིའི་ནང་བརྟན་བཞུགས་བསྟར་འབུལ་གནང་སྟེ་རྒྱལ་ས་ལྡི་ལི་རུ་ཞབས་སོར་བདེ་བར་འཁོད་པ་དང་། སང་ཉིན་གཟའ་ལྷག་པའི་ཉིན་བཞུགས་སྒར་དྷ་རམ་ས་ལར་ཆིབས་སྒྱུར་གནང་རྒྱུ་ཡིན་པ་རེད།
དེ་རིང་གི་གཟའ་མིག་དམར་ཉིན་གྱི་ཀུན་གླེང་གསར་འགྱུར་ནང་རྒྱ་ནག་གི་གནམ་གྲུ་སིམ་འཛུལ་བྱས་པར་ཉི་ཧོང་གིས་ངོ་རྒོལ་དང་། ཡུག་ཀེ་རེན་དང་ཨུ་རུ་སུའི་དམག་འཁྲུག་གནས་སྟངས་དང་བཙོན་པ་བརྗེ་རེས། དཀྱིལ་ཤར་ཁུལ་གྱི་གནས་སྟངས་དང་ཨ་རིའི་ནང་གི་པ་ལི་སི་ཐན་ལ་རྒྱབ་སྐྱོར་བའི་ལས་འགུལ། བྱང་ཀོ་རི་ཡ་དང་ཨུ་རུ་སུའི་འབྲེལ་ལམ་སོགས་ཡོད།
ཐེངས་འདིའི་གསར་འགྱུར་ཞིབ་འགྲེལ་གྱི་ལེ་ཚན་ནང་ཚེ་རིང་དབང་མོ་ལགས་ཀྱིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་ཚེ་བརྟན་དབང་ཕྱུག་ལགས་དང་ལྷན་དཀྱིལ་ཤར་དམག་འཁྲུག་གནས་སྐབས་རིང་རྒྱ་བསྐྱེད་འགྲོ་མི་སྲིད་པའི་རྟགས་མཚན་མང་པོ་ཞིག་བྱུང་དང་འབྱུང་བཞིན་པའི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན།།
གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་། པ་ཀི་སི་ཐན་གྱི་དྲག་སྤྱོད་པ་ཚོའི་གཏོར་རྒོལ་ཁྲོད་མི་༣༩ རྐྱེན་འདས། རྒྱ་གར་ནང་ H5N1 ཞེས་པའི་ནད་དུག་འགོས་ཁྱབ་འགྲོ་བཞིན་པ། ཨུ་རུ་སུའི་སྐུ་ཚབ་ཚོགས་པ་ཞིག་བྱང་ཀོ་རི་ཡར་འབྱོར་བ་བཅས་ཡོད།
དེ་རིང་གི་གསར་འགྱུར་ནང་མཚོ་འོག་སྦུབས་མདོང་གཏོར་རྒོལ་བར་འཛིན་བཟུང་བཀའ་རྒྱ་བཏང་བ། བྷ་ཌན་གྱིས་རང་གི་ལས་དོན་གྲུབ་འབྲས་བསྟན་ཞིང་ཧེ་རི་སི་ལ་རྒྱབ་སྐྱོར། བྷི་ལིན་ཁེན་གྱིས་དཀྱིལ་ཤར་དམག་མཚམས་འཇོག་ཐབས་། ཡུག་ཀེ་རན་གྱིས་ཤར་ཕྱོགས་གྲོང་ཁྱེར་ནས་མང་ཚོགས་ཕྱིར་འཐེན། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་བཅས་ཡོད།
ཐེངས་འདིའི་གསར་འགྱུར་ཞིབ་འགྲེལ་གྱི་ལེ་ཚན་ནང་ཚེ་རིང་དབང་མོ་ལགས་ཀྱིས་འདི་གའི་གསར་འགོད་པ་ཚེ་བརྟན་དབང་ཕྱུག་ལགས་དང་ལྷན་དུ་རྒྱ་ནག་གི་དཔལ་འབྱོར་ཉམས་ཆག་དང་དེས་འཛམ་གླིང་ལ་ཤུཊ་རྐྱེན་ཐེབས་ཚུལ་སོགས་ཀྱི་སྐོར་ནས་བགྲོ་གླེང་ཞུ་རྒྱུ་ཡིན།
རེས་གཟའ་ཟླ་བའི་ཉིན་གྱི་དགོང་དྲོར་དམངས་གཙོ་ཚོགས་པའི་འཐུས་མི་རྒྱས་འཛོམས་ཀྱི་ཚོགས་ཆེན་ཐོག་བྷ་ཌན་གྱིས་གཏམ་བཤད་གནང་སྟེ། ཧེ་རེ་སི་ལ་རྒྱབ་སྐྱོར་དང་སོ་སོའི་སྲིད་དོན་གྱི་གྲུབ་འབྲས་ཁག་གསལ་སྟོན་གནང་ཡོད་པའི་སྐོར་ཚེ་རིང་དབང་མོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
གྷ་ཛ་ནང་དུ་མེ་འཕེན་མཚམས་འཇོག་གི་གྲོས་མོལ་གསར་པ་ཞིག་ཁ་སང་རེས་གཟའ་ཕུར་བུའི་ཉིན་ལ་ཁ་ཐར་གྱི་རྒྱལ་ས་དྷོ་ཧ་རུ་བྱས་ཡོད་ཀྱང་ཧ་མ་སི་གྲོས་མོལ་དེར་མཉམ་ཞུགས་བྱས་མེད་པ་དང་། ད་ལན་གྱི་གྲོས་མོལ་དེ་ནི་གྲོས་མཐུན་འཇོག་ཐུབ་རྒྱུའི་གོ་སྐབས་མཐའ་མ་དེ་ཡིན་པ་འདོད་ཀྱི་ཡོད་པའི་སྐོར་ཚེ་རིང་དབང་མོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཁ་ཊར་དུ་དཀྱིལ་ཤར་མེ་འཕེན་མཚམས་འཇོག་གི་གྲོས་མོལ་སྐོར་དང་། ཡུག་ཀེ་རན་གྱིས་བཟུང་བའི་ཨུ་རུ་སུའི་མངའ་ཁོངས་ཇི་ལྟར་བྱ་རྒྱུ་བཅས་ཡོད།
ཉེ་ཆར་རྒྱ་གར་ཤར་ཕྱོགས་གྲོང་ཁྱེར་Kolkata ནང་རང་ལོ་༣༡ ཡིན་པའི་བུད་མེད་སྨན་པ་ཞིག་ལ་བཙན་གཡེམ་དམར་གསོད་བཏང་ཡོད་པའི་ཡ་ང་བའི་དོན་རྐྱེན་བྱུང་ཡོད་པའི་རྐྱེན་གྱིས། རེས་གཟའ་མིག་དམར་ཉིན་ལ་རྒྱ་གར་གྱི་གཞུང་གི་སྨན་ཁང་གི་སྨན་པ་ཚོས་ལས་མཚམས་བཞག་ནས་འདས་པོར་གདུང་སེམས་མཉམ་སྐྱེད་ཀྱིས་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ།
ཨ་རིའི་རླུང་འཕྲིན་ཁང་གི་གཟའ་མིག་དམར་ཉིན་གྱི་ཀུན་གླེང་གསར་འགྱུར་ནང་ཨི་སི་རལ་དང་ཨི་རན་བར་གྱི་འཐབ་འཛིང་ཉེན་ཁ་དང་གྷ་ཛ་དམག་འཁྲུག ས་རཱ་མཐོ་སློབ་ཀྱི་སློབ་མཐར་ཕྱིན་པའི་མཛད་སྒོ། ཧོང་ཀོང་གི་དམངས་གཙོ་དོན་གཉེར་བར་ཁྲིམས་བཤེར། བྷང་ལ་ཌེ་ཤའི་གཞོན་སྐྱེས་ཀྱི་ངོ་རྒོལ། ཨ་རིའི་གཞོན་སྐྱེས་དག་གི་འོས་ཤོག་སོགས་ཡོད།
ཐེངས་འདིའི་གསར་འགྱུར་ཞིབ་འགྲེལ་གྱི་ལེ་ཚན་ནང་ཚེ་རིང་དབང་མོ་ལགས་ཀྱིས་རྡོ་རྗེ་ཚེ་བརྟན་ལགས་དང་ལྷན་ཡུག་ཀེ་རན་དམག་དཔུང་གིས་ཨུ་རུ་སུའི་ཁུར་སི་ཀི་མངའ་སྡེར་དཔུང་འཇུག་བྱས་ཡོད་པ་དེའི་དམིགས་ཡུལ་དང་ཤུགས་རྐྱེན། དེ་བཞིན་ཡུག་ཀེ་རན་ལ་དམག་འཁྲུག་དེ་ལས་རྒྱལ་ཁ་འཐོབ་སྲིད་མིན་སོགས་ཀྱི་སྐོར་ལ་བགྲོ་གླེང་ཞུ་རྒྱུ་ཡིན།།
རེས་གཟའ་ཟླ་བའི་ཉིན་ལ་ཧོང་ཀོང་གི་ཆེས་མཐོའི་ཁྲིམས་ཁང་གིས་ཇཱི་མི་ལའེ་ཚུད་པའི་དམངས་གཙོ་དོན་གཉེར་བ་མི་བདུན་གྱི་ཞུ་གཏུགས་ལ་ངོས་ལེན་མ་བྱས་པར་ཕྱིར་སློག་བཏང་ཡོད་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
གཟའ་མིག་དམར་ཉིན་ལ་ཨུ་རུ་སུས་ཡུག་ཀེ་རན་གྱི་ཁཱར་ཀིབ་གྲོང་ཁྱེར་ལ་གཏོར་རྒོལ་བཏང་ནས་མི་༥ ལ་རྨས་སྐྱོན་བྱུང་ཡོད་པ་དང་། ཡུག་ཀེ་རན་གྱིས་ཨུ་རུ་སུའི་ཁེར་སི་ཁི་གྲོང་ཁྱེར་ལ་གཏོར་རྒོལ་བཏང་ཡོད་ཀྱང་། ཨུ་རུ་སུས་དེ་ལ་ཕར་རྒོལ་ནན་མོ་བྱས་ཐུབ་ཡོད་ཚུལ་བརྗོད་བཞིན་པའི་སྐོར་ཚེ་རིང་དབང་མོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཐེངས་འདིའི་གསར་འགྱུར་ཞིབ་འགྲེལ་གྱི་ལེ་ཚན་ནང་ཚེ་རིང་དབང་མོ་ལགས་ཀྱིས་རྡོ་རྗེ་ཚེ་བརྟན་ལགས་དང་ལྷན་གྷ་ཛའི་དམག་འཁྲུག་དེ་ཉིད་དཀྱིལ་ཤར་ས་ཁུལ་གྱི་འཐབ་འཁྲུག་ཆེན་པོ་ཞིག་ཏུ་འགྱུར་རྒྱུའི་ཉེན་ཁའི་སྐོར་ལ་རྒྱལ་སྤྱིའི་གསར་ལམ་ཁག་ནང་ཐོན་པའི་གནས་ཚུལ་ཞིབ་ཕྲ་ཁག་བགྲོ་གླེང་ཞུས་ཡོད།
དེ་རིང་ཟའ་མིག་དམར་ཉིན་གྱི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གི་ཞབས་པུས་དྭངས་སྐྱེད་དང་བརྟན་བཞུགས། བྷང་ལ་ཌེ་ཤིའི་ཟིང་ཆ། དཀྱིལ་ཤར་ཁུལ་གྱི་དམག་འཁྲུག་ཉེན་ཁ། སྲིད་འཛིན་འོས་མི་ཧ་རེ་སི་ཡི་ཕྱི་འབྲེལ་སྲིད་ཇུས། ཧོང་ཀོང་དང་ཐེ་ཝན་གྱི་རྩེད་འགྲན་པར་ཨོ་ལིམ་པིག་རྟགས་མ་ཐོབ་པར་རྒྱ་ནག་གི་རྣམ་འགྱུར་འདྲ་མིན་སོགས་ཡོད།
གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་། ༸གོང་ས་མཆོག་གི་ཞབས་པུས་དྭངས་སྐྱེད་དང་བརྟན་བཞུགས། ཁམ་བྷོ་ཌི་ཡའི་ཆུ་ལམ་ལས་གཞི་གསར་པ། འབར་མའི་དམག་གཞུང་ལ་ཕམ་ཉེས། དབྱིན་ཇིའི་ནང་ཁ་ཆེ་གནས་སྤོ་བ་ཚོར་ངོ་རྒོལ། ཨོ་གླིང་ནང་རྒྱ་ནག་གི་སློབ་ཕྲུག་སྐྱབས་བཅོལ་ཞུ་མཁན་ཇེ་མང་། ཧོང་ཀོང་དང་ཐེ་ཝན་གྱི་ཨོ་རྩལ་རྩེད་འགྲན་པ།
མང་སྣོན།