རྒྱ་ནག་གི་མོ་ཊ་བཟོ་ཚོང་ཁང་BYD ཡིས་ཏུར་ཀིའི་ནང་ཨ་སྒོར་ཐེར་འབུམ་འགའ་ཤས་གནས་པའི་བཟོ་གྲྭ་ཞིག་གསར་འཛུགས་བྱ་རྒྱུ་བྱས་ཡོད་པ་དང་། རྒྱལ་ཁབ་ཕྱོགས་གཉིས་བར་གྱི་དཔལ་འབྱོར་དང་ཕྱི་སྲིད་སོགས་ཀྱི་འབྲེལ་ལམ་དེ་ལ་ད་ཆ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
བྷ་ཌན་དམངས་གཙོ་ཚོཊ་པའི་སྲིད་འཛིན་འོས་མིའི་ཁོངས་ནས་ཕྱིར་འཐེན་བྱས་རྗེས། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཌོ་ནལ་ཊམ་གྱིས་ཁ་གཏད་ཀ་མ་ལཱ་ཧེ་རེ་སི་ལ་ཁ་རྡུང་གཏོང་འགོ་ཚུགས་ཡོད་པ་དང་། ཊམ་གྱིས་ཧེ་རེ་སིའི་ཕྱི་མི་གཞིས་ཆགས་ཀྱི་སྲིད་ཇུས་ཐད་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
ཐེངས་འདིའི་གསར་འགྱུར་ཞིབ་འགྲེལ་གྱི་ལེ་ཚན་ནང་ཚེ་རིང་དབང་མོ་ལགས་ཀྱིས་རྡོ་རྗེ་ཚེ་བརྟན་ལགས་ལ་ཨ་རི་དང་ཉི་ཧོང་གིས་ཐུན་མོང་བཀོད་འདོམས་ཁང་གསར་འཛུཊ་བྱ་རྒྱུ་ཡིན་པའི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན།།
གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་། ༸གོང་ས་མཆོག་གིས་ནེའུ་ཡོག་ཏུ་སྲིད་སྐྱོང་མཇལ་ཁ་སྩལ་བ་དང་། ཐའེ་ཝན་དུ་མ་ཧཱ་གུ་རུའི་འབུམ་ཚོགས་ཐེངས་བཞི་པ་འཚོགས་པ། ཁིམ་ཇཱོང་ཨོན་གྱི་འཕྲོད་བསྟེན་དང་ཡུལ་དེའི་དྲག་ཆར། སོག་ཡུལ་དུ་གད་སྙིགས་གཙང་སེལ་གྱི་ལས་དོན། ཨ་རིའི་ནུབ་རྒྱུད་དང་ཁ་ན་ཊའི་མེ་སྐྱོན་སོགས་ཡོད།
དེ་རིང་གི་ཀུན་གླེང་གསར་འགྱུར་ནང་བོད་ཀྱི་དུས་བབ་གསར་ཁང་གིས་སྣེ་ཁྲིད་བོད་ནང་གི་ཤེས་རིག་སློབ་གསོའི་གནས་སྟངས་ཐད་རྒྱལ་ཚོགས་ལ་ཞུ་སྐུལ་དང་། ཨི་སི་རེལ་དང་ལེ་བྷ་ནན་གྱི་འཁྲུག་རྩོད། ཝེ་ནེ་ཛུ་ལཱའི་འོས་བསྡུའི་དཀའ་རྙོག ཨུ་སུ་རུས་གོ་མཚོན་གྱི་སྡིགས་སྐུལ། ཨ་རིའི་འོས་བསྡུ་དང་དམངས་གཙོ་སྲུང་སྐྱོབ་སོགས་ཡོད།
སྤྱི་ཟླ་༧ པའི་ཚེས་༢༦ རེས་གཟའ་པ་སངས་ཉིན་པེ་རི་སིའི་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་དངོས་སུ་འགོ་ཚུགས་ཡོད་པ་དང་། དབུ་འབྱེད་མཛད་སྒོའི་ཐོག་ལ་ཉི་ཧོང་གི་ཨོ་རྩལ་ལྷན་ཚོགས་ཀྱིས་སུ་ཤཱི་དང་རཱ་མེན་ཐུག་པ། ཡིག་གཟུགས་སོགས་བསྟན་ནས་ཉི་ཧོང་གི་རིག་གནས་དར་སྤེལ་གཏོང་ཐབས་བྱེད་བཞིན་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
རེས་གཟའ་ཉི་མའི་ཉིན་སྲིད་འཛིན་བྷ་ཌན་མཆོག་གིས་སྲིད་འཛིན་འོས་མིའི་ཁོངས་ནས་ཕྱིར་འཐེན་གྱིས་སྲིད་འཛིན་གཞོན་པ་ལྕམ་ཀ་མ་ལ་ཧ་རི་སི་སྲིད་འཛིན་འོས་མིར་རྒྱབ་གཉེར་གནང་བ་དེར། ཁོང་གི་རྒྱབ་སྐྱོར་བ་དང་སྲིད་དོན་དབྱེ་ཞིབ་པ་ཚོས་ལྟ་སྟངས་ག་འདྲ་འཛིན་གྱི་ཡོད་པའི་གནས་ཚུལ་ཞིག་ཚེ་རིང་དབང་མོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཧ་རི་སི་སྲིད་འཛིན་འོས་མི་ཆགས་ཐུབ་མིན་དང་ཁོང་མོའི་གདམ་ག
རྒྱ་གར་གྱིས་རྒྱལ་ཚོགས་ལ་ཨ་སྒོར་ས་ཡ་གཅིག་གི་ཞལ་འདེབས་ཕུལ། བྷང་ལ་ཌེ་ཤི་ནང་གི་སློབ་ཕྲུག་ངོ་རྒོལ། ཐེ་ཝན་གྱི་ཧན་ཀོང་དམག་སྦྱོང་འགོ་ཚུགས།མཁའ་འགྲུལ་བཟོ་ཚོང་ཁང་ཁག་གི་ལས་རིགས་བསྐྱར་གསོ།
ཨ་རིའི་རླུང་འཕྲིན་ཁང་གི་གཟའ་མིག་དམར་ཉིན་གྱི་ཀུན་གླེང་གསར་འགྱུར་ནང་བྷ་ཌན་ཕྱིར་འཐེན་བྱས་རྗེས་དམངས་གཙོ་ཚོགས་པའི་ནང་འགྲན་སློང་། ཀ་མ་ལཱ་ཧ་རི་སི་སྲིད་འཛིན་འོས་མི་ཆགས་སྲིད་པ།ཐེ་ཝན་གྱི་ལོ་འཁོར་དམག་སྦྱོང་ལ་རྒྱ་ནག་གིས་གསང་མྱུལ། ཧན་ཡུ་ཎི་སི་ས་ཁུལ་དུ་པ་ལི་སི་ཐན་བ་བཅུ་ཁ་ཞིག་ལ་སྲོག་སྐྱོན་སོགས་ཡོད།
༡༩༥༩ ལོར་ཨ་རིའི་སྲིད་འཛིན་ཟུར་པ་ཨའེ་སེན་ཧའོ་ཝར་དམ་པ་དེས་ཁྲིམས་ལུགས་གཏན་འབེབས་ཀྱིས་བྲན་གཡོག་ཏུ་བཀོལ་བའི་མི་རིགས་ཀྱི་ལྷན་ཚོགས་ཞེས་པ་གསར་འཛུགས་གནང་སྟེ། ལོ་ལྟར་སྤྱི་ཟླ་བདུན་པའི་གཟའ་འཁོར་ཨང་གསུམ་པ་དེ་བྲན་གཡོག་ཏུ་བཀོལ་བའི་མི་རིགས་ཚོའི་བདུན་ཕྲག་ཅེས་པའི་དུས་དྲན་གྱི་དུས་ཚོད་ངེས་ཅན་ཞིག་ཏུ་གཏན་ཁེལ་གནང་།
ནུབ་ཆིངས་ཀྱི་དམག་དོན་བཀོད་འདོམས་ཁང་། ཡུ་རོབ་མནའ་འབྲེལ་ལྷན་ཚོགས་ཀྱི་འགན་འཛིན་ལ་བསྐྱར་དུ་འདེམས་ཐོན། བྷང་ལ་དྷེ་ཤི་རུ་སློབ་ཕྲུག་ཚོས་ངོ་རྒོལ་སྤེལ་བཞིན་པ། པེ་རི་སིའི་ཨོ་ལིན་གྲོང་ཚོ་སྒོ་ཕྱེ། རྒྱ་ནག་གི་མེ་སྐྱོན་ཁྲོད་མི་༡༦ རྐྱེན་འདས།
ཡུ་ཡོབ་མནའ་འབྲེལ་ལྷན་ཚོགས་སུ་གནས་སྤོ་ཡུལ་མིའི་གནད་དོན་དང་། ནུས་ཁུངས་བདེ་འཇགས། ཨུ་རུ་སུའི་ཉེན་ཁ་སོགས་ཀྱི་ཐད་བགྲོ་གླེང་གནང་རྒྱུ་ཡིན་པར་མ་ཟད། ཚོགས་འཐུས་རྒྱལ་ཁབ་ཁག་ཅིག་གིས་ཧང་གྷ་རིའི་བྱེད་བབ་ལ་སྐྱོན་བརྗོད་གནང་ཡོད་པའི་སྐོར་ཚེ་རིང་དབང་མོ་ལགས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུས་ཡོད།
རེས་གཟའ་མིག་དམར་ཉིན། ནིའུ་ཡོག་གི་བཤེར་དཔང་ཚོགས་ཆུང་ཞིག་གིས་རྒྱ་མིའི་ཚོང་པ་ཀོ་ཝེན་ཀའེ་ལ་ནག་ཉེས་དོན་ཚན་༡༢ བཙུགས་ཡོད་པའི་ནང་ནས། དོན་ཚན་དགུ་གཞི་གྲུབ་ཡོད་པ་ཁྲིམས་ཐག་བཅད་དེ། ཁོ་ལོ་བཅུ་གྲངས་འགའ་ཤས་རིང་ལ་བཙོན་འཇུག་བྱ་སྲིད་པའི་སྐོར་ཚེ་རིང་དབང་མོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཐེངས་འདིའི་གསར་འགྱུར་ཞིབ་འགྲེལ་གྱི་ལེ་ཚན་ནང་ཚེ་རིང་དབང་ལགས་ཀྱིས་ཚེ་བརྟན་དབང་ཕྱུག་ལགས་དང་ལྷན་དུ་རྒྱ་ནག་གི་ཚང་འཛོམས་གྲོས་ཚོཊ་དང་དཔལ་འབྱོར་གྱི་གནད་དོན་ཐད་བགྲོ་གླེང་ཞུ་རྒྱུ་ཡིན།
དེ་རིང་གི་ཀུན་གླེང་གསར་འགྱུར་ནང་སྤྱི་མཐུན་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་སྐོར་དང་། བལ་ཡུལ་གྱི་སྲིད་བློན་གསར་པས་མཛད་འགན་དམ་བཅའ་ཕུལ་བ། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཇེ་དལ་དུ་སོང་བ། རྒྱ་གར་དུ་ཨེ་ཤི་ཡའི་རྒྱུ་སྟོབས་ཆེ་ཤོས་ཀྱི་བུའི་ཆང་སའི་མཛད་སྒོ། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་བཅས་ཡོད།
བདུན་ཕྲག་འདིའི་ནང་ཨུ་རུ་སུས་ཡུག་ཀེ་རན་ལ་མེ་ཤུགས་འཕུར་མདེལ་བཀོལ་སྤྱོད་ཀྱིས་གཏོར་རྒོལ་གཞི་རྒྱ་ཆེན་པོ་བཏང་ཡོད་པ་དང་། ནུབ་ཆིངས་སྒྲིག་འཛུགས་ཀྱི་ཚོགས་ཆེན་མཇུག་སྒྲིལ་བ་དང་བསྟུན་ནས་ཨུ་རུ་སུས་ནུབ་ཆིངས་ལ་གནོན་ཤུགས་སྤྲོད་རྒྱུར་ཤུགས་སྣོན་རྒྱག་བཞིན་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
རེས་གཟའ་ལྷག་པའི་ཉིན་ནུབ་ཆིངས་ཚོཊ་ཆེན་ཐོག་ཚོགས་འཐུས་རྒྱལ་ཁབ་ཚོས་ཡུག་ཀེ་རན་ནུབ་ཆིངས་ཁོངས་སུ་ཞུཊ་རྒྱུ་ནི་ལྡོག་ཏུ་མེད་པའི་ལམ་ཁ་ཞིག་ཡིན་པ་གསལ་སྟོན་གནང་པ་དང་སྦྲཊ། རྒྱ་ནག་གིས་ཨུ་རུ་སུ་ལ་རྒྱབ་གཉེར་བྱེད་བཞིན་པའི་བྱ་སྤྱོད་ཡོད་ཚད་མཚམས་འཇོག་བྱ་དགོས་ཞེས་རེ་འབོད་གནང་ཡོད་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
རེས་གཟའ་ཟླ་བའི་ཉིན་ལ་ཧྥེ་ལིན་ཕིང་དང་ཉི་ཧོང་གིས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་དམག་དཔུང་ཕན་ཚུན་འགྲོ་སྐྱོད་ཀྱིས་མདེའུ་ངོ་མ་འཕངས་ནས་མཉམ་འབྲེལ་དམག་སྦྱོང་སྤེལ་རྒྱུའི་འགོག་སྲུང་གི་གྲོས་མཐུན་གལ་ཆེན་པོ་ཞིག་བཞག་ཡོད་པ་དང་། དེ་ལ་རྒྱ་ནག་ཕྱོགས་ནས་སྐྱོན་བརྗོད་བྱས་ཡོད་པའི་སྐོར་ཚེ་རིང་དབང་མོ་ལགས་ནས་སྙན་སྒྲོན་ཞུས་ཡོད།
རྒྱ་ནག་གཞུང་གིས་ཐ་ལི་པན་གྱི་གཞུང་ཚབ་ཚུད་པའི་ཕྱི་རྒྱལ་ཀྱི་གཞུང་ཚབ་མི་སྣ་ཁག་ཅིག་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་གྱི་བཅའ་སྡོད་སློབ་གྲྭ་ཞིག་ལ་ལྟ་སྐོར་དུ་ཁྲིད་ཡོད་པའི་སྐོར་ཚེ་རིང་དབང་མོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
མང་སྣོན།