ནད་དུག་འགོག་སྲུང་གི་དམ་དྲག་སྲིད་ཇུས་དེ་ལ་གཡོལ་ཐབས་སུ་ཧྥུའུ་ཧྲི་ཁཱང་བཟོ་ཚོང་ཁང་གི་ལས་མི་འཕོན་ཆེན་དུས་གཅིག་ཏུ་ས་གནས་གཞན་ལ་བྲོས་བྱོལ་དུ་ཕྱིན་པའི་གནས་ཚུལ་བྱུང་ཡོད་ཅིང་། དེས་ཧེ་ནན་ཞིང་ཆེན་གྱི་དབང་འཛིན་པ་ཚོ་དང་། དེ་བཞིན་རྒྱ་ནག་ནང་ཁུལ་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཧ་ལས་ཧང་སངས་སུ་བཅུག་འདུག
༄༅།། ཐེངས་འདིའི་དཔེ་ཀློག་ལེ་ཚན་ལ་བོད་ཀྱི་རྩོམ་པ་པོ་དང་སྙན་ངག་པ། ཝར་ནཱ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གིས་རྩོམ་རིག་དགེ་རྒན་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལ་འཛམ་གླིང་རྩོམ་རིག་ལོ་རྒྱུས་གནས་བསྡུས་ཞེས་པའི་དཔེ་དེབ་ཀྱི་བརྗོད་བྱ་དང་ཤུགས་རྐྱེན་སོགས་ལ་བགྲོ་གླེང་ཞུས་ཡོད།
རྡ་སའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་༡༡་པ། ཨ་རིའི་བར་མའི་འོས་བསྡུ། འཇའ་མན་གྱི་སྲིད་བློན་རྒྱ་ནག་ལ་ཕེབས་པར་སྐྱོན་བརྗོད། བྱང་ཀོ་རི་ཡས་འཕུར་མདེལ་གསར་པ་འཕངས། རྒྱ་ནག་ཏུ་ཁེ་ན་ཌའི་རྒྱང་སྲིང་ཁང་ཞིག་སྒོ་བརྒྱབ།
ཀུན་གླེང་གསར་འགྱུར་ནང་ལྷ་སར་གནས་འཁོད་རྒྱ་མི་ཚོས་ངོ་རྒོལ་བྱས་ཡོད་པ་དང་། བོད་ཀྱི་འབྲོག་པའི་འཚོ་བ་འགྲེམ་སྟོན། ཧུའུ་ཅིན་ཐའོ་ཡི་མདུན་གྱི་ཡིག་ཆ་དེ་དོ་སྣང་བྱ་ཡུལ་དུ་གྱུར་ཡོད་ཅིང་། ཨ་རིའི་ཆེས་དེང་དུས་ཅན་གྱི་འབབ་ཚིགས་དམག་གྲུ་གསར་ཤོས། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མིའི་འོས་བསྡུ་སོགས་འདུས་ཡོད།
རྒྱ་ནག་དམར་ཤོག་གི་ཚོགས་ཆེན་ཉི་ཤུ་པ་ཞེས་པའི་མཇུག་བསྡུའི་མཛད་སྒོ་ཐོག་ལ་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཟུར་པ་ཧུའུ་ཅིང་ཐའོ་ཚོགས་ཁང་ནང་ནས་ཕྱི་ལོགས་སུ་བཙན་ཁྲིད་བྱས་པ་དང་། ལྷག་པར་དུ་ཧུའུ་ཅིང་ཐའོ་མདུན་གྱི་ཡིག་ཆའི་སྐོར་ལ་ཉེ་ཆར་ཐེ་ཐེར་དྲ་ལམ་ཐོག་མི་ཚོས་དོ་སྣང་དང་གླེང་སློང་ཤུགས་ཆེ་བྱེད་བཞིན་པའི་གནས་ཚུལ་ཐོན་འདུག
རྩོམ་པ་པོ་སུ་སན་ཤག་གིས་ཞི་ཅིང་ཕིང་གིས་སྔར་བཞིན་དབང་ཆ་སྒེར་གཅོད་ཀྱི་དབང་བསྒྱུར་བྱེད་ཕྱོགས་ལ་འགྱུར་བ་བཏང་ནས། དབང་ཆ་མཉམ་སྤྱོད་ཀྱི་ཕྱོགས་སུ་འགྲོ་མ་ཐུབ་ཚེ། འབྱུང་འགྱུར་ལོ་ལྔའི་རིང་གི་རྒྱ་ནག་གི་གནས་སྟངས་དེ། ཇེ་སྡུག་ཏུ་འགྲོ་རྒྱུ་ལས་ཇེ་ཡག་རྩ་བ་ནས་འགྲོ་སྲིད་ཀྱི་མ་རེད།
སྲིད་དོན་དབྱེ་ཞིབ་པ་མང་ཆེ་བའི་འདོད་ཚུལ་ལྟར་ན། ཞི་ཅིང་ཕིང་གིས་ཚེ་གང་དབང་ཆ་འཛིན་རྒྱུ་གཏན་འཁེལ་ཡིན་པ་དང་། དེ་ལྟར་བྱུང་ཚེ་རྒྱ་ནག་དང་རྒྱལ་སྤྱིའི་ཐོག་ལ་ཤུགས་རྐྱེན་ངན་པ་ཐེབས་རྒྱུའི་བློ་འཚབ་འབྱུང་བཞིན་པ་རེད།
༢༠༢༢ ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་བྷེ་ལ་རུ་སིའི་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་བྱེད་མཁན་སྐུ་ཞབས་Ales Bialiatski དང་། ཨུ་རུ་སུའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དྲན་གསོ་ཁང་Memorial ཞེས་པ། ཡུག་ཀེ་རན་ནང་སྤྱི་དམངས་རང་དབང་ལྟེ་གནས་ཁང་ཞེས་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་བྱེད་མཁན་གྱི་ཚོགས་པ་བཅས་ལ་ཐོབ་འདུག
༢༠༢༢ལོའི་ནོར་བྷེལ་རྩོམ་རིག་གཟེངས་རྟགས་ཕྱིར་བསྒྲགས། ཤིན་ཅང་ལ་ནད་ཡམས་དམ་དྲག་བྱེད་བཞིན་པ། བྱང་ཀོ་རི་ཡས་ཉིན་༡༢ནང་འཕུར་མདེལ་ཐེངས་༦འཕེན་པ། ཉི་ཧོང་གི་གསར་འགོད་པ་ཞིག་ལ་ཁྲིམས་ཆད་ཕོག་པ། བྷ་ཌན་མཆོག་Floridaམངའ་སྡེར་གཟིགས་སྐོར་ཕེབས་པ། ཨ་ཧྥུ་ཀན་ནི་སི་ཐན་བུད་མེད་ཚོའི་ངོ་རྒོལ།
ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་CECCཡིས་ཧོང་ཀོང་སྐོར་ལ་དམིགས་གསལ་སྙན་ཐོ་ཞིག་བཏོན་ཏེ། འདས་པའི་ལོ་གཉིས་ལྷག་གི་རིང་རྒྱ་ནག་གིས་ཧོང་ཀོང་ལ་ཕྱོགས་ཡོངས་ནས་དྲག་གནོན་ཤུགས་ཆེ་བྱས་ཏེ། དེང་སྐབས་ཧོང་ཀོང་ནང་གི་སྤྱི་དམངས་ཐོབ་ཐང་དང་། དམངས་གཙོའི་སྤྱི་ཚོགས་ཕྱོགས་ཡོངས་ནས་རྩ་བརླག་ཕྱིན་ཡོད་་འདུག
བྷར་ཛིལ་རྒྱལ་ཁབ་ཏུ་གཡོན་ཐལ་ཚོགས་པའི་སྲིད་འཛིན་ཟུར་པ་སྐུ་ཞབས་Lula da Silva དང་གཡས་ཐལ་ཚོགས་པ་ནས་ཡིན་པའི་སྲིད་འཛིན་ལས་ཐོག་སྐུ་ཞབས་Jair Bolsonaro གཉིས་དབར་འདས་པའི་ལོ་བཅུ་གྲངས་ཤིག་རིང་བྱུང་མྱོང་མེད་པའི་འོས་བསྡུ་འགྲན་རྩོད་ཆེ་ཤོས་ཤིག་འབྱུང་བཞིན་པ་དང་། ཟླ་འདིའི་ཚེས་༣༠ ཉིན་བསྐྱར་དུ་འོས་འདེམས་བྱ་འཆར་ཡོད།
རིང་མིན་འཚོགས་འཆར་ཡོད་པའི་ཚོགས་ཆེན་ཉི་ཤུ་པ་དེ་བཞིན་བདེ་བླག་ངང་འཚོགས་ཐུབ་རྒྱུའི་ཆེད། རྒྱ་ནག་དབུས་སྤྱི་བདེ་ལས་ཁུངས་ཀྱིས་ས་གནས་ཀྱི་ཡན་ལག་ལས་ཁུངས་ཁག་དང་མཉམ་འབྲེལ་གྱིས་ཐོག་ཉིན་བརྒྱའི་ལས་འགུལ་ཞེས་པ་ཞིག་སྤེལ་ནས། ད་ཕན་རྒྱ་ནག་རྒྱལ་ཡོངས་སུ་དོགས་ཡོད་ཉེས་ཅན་ས་ཡ་གཅིག་དང་འབུམ་བཞི་ལྷག་ཙམ་འཛིན་བཟུང་བྱས་འདུག
འདས་པའི་མི་ལོ་བཞི་བཅུ་ལྷག་གི་རིང་ཡར་རྒྱས་ཤུགས་ཆེ་ཕྱིན་ཡོད་པའི་རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་དེ། ཉེ་དུས་ནས་ཇེ་དལ་ལ་འགྲོ་བཞིན་ཡོད་པ་དང་བསྟུན་ནས། སྲིད་དོན་དབྱེ་ཞིབ་པ་མང་པོ་ཞིག་གིས་འབྱུང་འགྱུར་རྒྱ་ནག་གི་དཔལ་འབྱོར་དེ་ཨ་མེ་རི་ཁ་ལས་བརྒལ་མི་སྲིད་པར་མ་ཟད།
གྲོས་ཚོགས་འོག་མས་ཐེ་ཝན་སྲིད་ཇུས་ཀྱི་ཁྲིམས་འཆར་ལ་རྒྱབ་སྐྱོར་གནང་བ། འཛམ་གླིང་གིས་རྒྱ་ནག་ཐོག་འཛིན་པའི་ལྟ་ཕྱོགས་ཇེ་སྡུག་ཕྱིན་པ། རྒྱ་མི་སྒོར་མོའི་འཛའ་ཐང་མར་ཆག་པ། རྒྱ་ནག་གིས་བོད་མི་ཚོའི་རིགས་རྫས་ལེན་བཞིན་པ་གསལ་སྟོན། ནད་དུག་འགོག་སྲུང་འོག་བོད་མི་དྲུག་གི་རང་སྲོག་བཅད་པ། དར་རྩེ་མདོར་བོད་མི་ཞིག་བསད་འདུག
༧གོང་ས་མཆོག་གིས་གཞོན་སྐྱེས་འགོ་ཁྲིད་ཚོར་བཀའ་སློབ། བོད་ཀྱི་ཞུ་གཏུགས་ཉིན་མོ། བོད་ལ་གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་སྨོན་ལམ། སྙན་ངག་པ་གཅན་མེ་སྟག་འདས་གྲོངས། བྷ་ཌན་གྱིས་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གཏམ་བཤད།
རྒྱ་ནག་འཕྲོད་བསྟེན་ལས་ཁུངས་ཀྱིས་རེས་གཟའ་མིག་དམར་ཉིན་གསལ་བསྒྲགས་སྤེལ་གསལ། རེས་གཟའ་ཟླ་བ་ཉིན་གཅིག་གི་རིང་རྒྱ་ནག་སྐམ་སའི་ནང་ཏོག་དབྱིབས་ནད་དུག་འགོས་མཁན་ཁྱོན་ནད་པ་༡༥༢ཐོན་ཡོད་པ་དང་དེའི་ནང་ནས་བོད་ནང་ལ་ནད་པ་༡༦དང་སོག་ཡུལ་ལ་ནད་པ་གཉིས་སོགས་ཐོན་ཡོད་པར་བརྗོད་ཡོད།
སྲིད་འཛིན་བྷ་ཌན་གྱིས་དེ་སྔར་སྲིད་འཛིན་ཟུར་པ་ཊམ་གྱི་སྐབས་ཨི་རན་ལ་ཉེས་ཆད་བཅད་པའི་སྲིད་ཇུས་རྒྱུན་འཁྱོངས་གནང་ཡོད་པར་བརྟེན། ཨི་རན་སྲིད་འཛིན་གྱིས་འབྱུང་འགྱུར་ཨ་རིས་རྡུལ་ཕྲན་གྲོས་མོལ་ནས་ཕྱིར་འཐེན་མི་བྱ་རྒྱུའི་ཁས་ལེན་མ་བྱས་ན། ༢༠༡༥ ལོའི་རྡུལ་ཕྲན་གྲོས་མོལ་དེ་བསྐྱར་གསོ་ཡོང་ཁག་པོ་རེད་ཅེས་བརྗོད་ཡོད།
ཉེ་བའི་ལོ་འགའ་ཤས་རིང་། རྒྱ་ནག་གི་ཕུགས་འདུན་ཞེས་པའི་ཚིག་དེ་བཞིན་རྒྱ་ནག་གི་མི་དམངས་ཚོས་རྟག་པར་ཐོས་པའི་ཚིག་ཅིག་ཆགས་ཡོད། འོན་ཏེ་དོན་དམ་ལ་རྒྱ་ནག་གི་ཕུགས་འདུན་ཞེས་པའི་ཚིག་དེའི་ནང་དོན་ངོ་མ་དེ་ཅི་ཞིག་ཡིན་ནམ། རྒྱ་ནག་གི་ཕུགས་འདུན་དང་རྒྱ་ནག་དམངས་ཚོགས། དེ་བཞིན་རྒྱ་ནག་གི་མདུན་ལམ་དབར་ལ་འབྲེལ་བ་ཅི་ཞིག་ཡོད་དམ།
གོང་ས་སྐྱབས་མགོན་ཆེན་མོ་མཆོག་གི་བཀའ་སློབ། བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་གིས་དམ་དྲག ཞི་ཅིང་ཕིང་ཨེ་ཤེ་ཡ་དཀྱིལ་ཁུལ་དུ་འབྱོར་བ། གྲོས་ཚོགས་གོང་མས་ཐེ་ཝན་སྲིད་ཇུས་ཀྱི་ཁྲིམས་གཞི་ལ་གྲོས་འཆམ་བྱུང་བ། ཡོ་རོབ་མནའ་འབྲེལ་གྱིས་ངལ་རྩོལ་བཙན་སྐུལ་གྱི་ཚོང་ཟོག་ལ་བཀག་སྡོམ་གྱི་ཁྲིམས་གཞི་བཏོན་པ།
མང་སྣོན།