འདི་ལོའི་སྤྱི་ཟླ་དགུ་པའི་ཚེས་༡༡ ཉིན་ནི་ཨ་མི་རི་ཀ་ལ་འཇིགས་སྐུལ་ཚོགས་པས་གཏོར་རྒོལ་ཕོག་ནས་མི་ལོ་༢༡ འཁོར་བའི་རྗེས་དྲན་ཉིན་མོ་ཡིན་ཞིང་། ཨ་མི་རི་ཀའི་གཞུང་དམངས་གཉིས་ནས་ཉིན་མོ་དེ་ལ་རྗེས་དྲན་དང་མྱ་ངན་ཞུས་ཡོད་པའི་གནས་ཚུལ་དེ་ཚེ་རིང་དབང་མོས་སྙན་སྒྲོན་ཞུ་ཡི་རེད།།།
ཨ་མེ་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་ཕེ་ལོ་སི་མཆོག་གིས་ཁོང་ཐེ་ཝན་ནང་འཚམས་གཟིགས་སུ་ཕེབས་པར་ཁུངས་སྐྱེལ་དག་འབུད་ཀྱིས་དེ་ནི་ཨ་མེ་རི་ཀས་ཐེ་ཝན་ཐོག་འཛིན་པའི་སྲིད་ཇུས་དང་དང་རྒྱབ་འགལ་བྱས་མེད། ཨ་རིས་རྒྱ་ནག་གི་དམག་གིས་ཐེ་ཝན་ལ་སྡིགས་ར་སྐུལ་བའི་བྱེད་སྟངས་དེ་རྒྱུན་ལྡན་ཅན་ཞིག་ཏུ་ཆགས་བཅུག་གི་མིན་ཟེར།
འདས་པའི་ཉིན་གསུམ་རིང་ཨེ་སི་རལ་གྱིས་གྷ་ཛ་ས་ཁུལ་དུ་དྲག་པོའི་གཏོར་རྒོལ་བྱས་ནས་ཉུང་མཐར་ཡང་པ་ལི་སི་ཐན་གྱི་མི་༤༤ ལ་འཆི་སྐྱོན་དང་༣༡༡ ཙམ་ལ་རྨས་སྐྱོན་བྱུང་། ད་ལྟ་གཏོར་རྒོལ་དེ་རིམ་བཞིན་མཚམས་འཇོག་བྱས་ཀྱང་གྷ་ཛ་ས་གནས་ཀྱི་མི་ས་ཡ་གཉིས་ལྷག་ལ་ལས་ཀ་ཤོར་བ་དང་། འཐུང་ཆུ་དང་བཟའ་ཆས་མི་འདང་བ་སོགས་ཀྱི་དཀའ་ངལ་འཕྲད་ཀྱིན་ཡོད།
ཉེ་དུས་རྒྱ་ནག་གིས་ཐེ་ཝན་གླིང་ཕྲན་གྱི་མཐའ་འཁོར་ལ་དམག་སྦྱོང་ཉིན་འགའ་ཤས་བྱས་ཡོད་པ་དང་། རྒྱ་ནག་གི་བྱེད་སྟངས་དེས་པེ་ཅིང་ལ་ཡིད་ཆེས་བྱེད་མཁན་གྱི་ཐེ་ཝན་པ་ཇེ་ཉུང་དང་པེ་ཅིང་གི་བྱེད་སྟངས་ལ་ཞེན་པ་ལོག་མཁན་གྱི་ཐེ་ཝན་པ་ཇེ་མང་དུ་ཕྱིན་བཅུག་ཡོད་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུ་ཡི་རེད།།
སྲིད་འཛིན་བྷ་ཌན་གཏན་ཞལ་གཉིས་རེས་གཟའ་ཟླ་བའི་ཉིན་ཁེན་ཐཱ་ཁེ་མངའ་སྡེའི་ཤར་རྒྱུད་Breathitt ས་གནས་ལ་ཕེབས་ནས་ཆུ་ལོག་གི་གནོད་སྐྱོན་ཐེབས་མཁན་ཚོར་རོགས་སྐྱོར་གནང་རྒྱུའི་ཁས་ལེན་གནང་ཡོད་པ་མ་ཟད་ཆུ་ལོག་གི་གནོད་སྐྱོན་དེ་ནི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བ་ཡོད་པ་ཞིག་རེད་ཅེས་གསུངས་ཡོད་པཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
རྒྱ་ནག་གི་ངོས་ནས་ཐེ་ཝན་ནི་ཁ་བྲལ་དུ་ཕྱིན་པའི་ཞིང་ཆེན་ཞིག་ཏུ་ངོས་འཛིན་བྱེད་ཅིང་། ནམ་ཞིག་ལ་བསྐྱར་དུ་སོ་སོའི་མངའ་འོག་ཏུ་འཇུག་རྒྱུའི་དམ་བཅའ་བཞག་ཡོད། ཐེ་ཝན་གྱི་དབུ་ཁྲིད་ཚོས་ཐེ་ཝན་དེ་བཞིན་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་ཁྱབ་བསྒྲགས་དངོས་སུ་བྱེད་མིན་ལ་མ་ལྟོས་པར་བདག་དབང་ཡོད་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།
རྒྱ་ནག་དམར་ཤོག་གི་སྲིད་དབང་སྲ་བརྟན་གཏོང་བྱེད་ཀྱི་ལག་ཆ་གཙོ་བོ་གཉིས་ཏེ། མེ་མདའ་དང་སྨྱུག་གུ་གཉིས་ལས་སྨྱུག་གུའི་ཁོངས་སུ་རྒྱུན་སྲོལ་གྱི་བརྒྱུད་ལམ་ཚགས་ཤོག་དང་། དུས་དེབ། རླུང་འཕྲིན། བརྙན་འཕྲིན་སོགས་དང་། རིག་གནས་སྒྱུ་རྩལ་གྱི་སྡེ་ཚན་ཏེ། གློག་བརྙན་དང་། ཟློས་གར། རོལ་མོ། རྩོམ་ཡིག་སོགས་ཀྱི་མ་ལག་ཆེན་པོ་ཞིག་གྲུབ།
རེས་གཟའ་མིག་དམར་ཉིན་ལ་ཨ་མེ་རི་ཁའི་སྲིད་འཛིན་བྷ་ཌན་གྱིས་བརྙན་ལམ་བརྒྱུད་ནས་ཨ་རིའི་Michiganམངའ་སྡེའི་སྤྱི་ཁྱབ་Gretchin Whitmer་དང་ལྷན་ཨ་སྒོར་ཐེར་འབུམ་༢༨༠ཡི་གློག་ལམ་ཉིང་འདུས་སྐོར་གྱི་ཁྲིམས་གཞི་ལ་དགའ་བསུ་རྟེན་འབྲེལ་ཞུས་གནང་བ་དང་། ཁྲིམས་གཞི་དེ་ནི་འབྲེལ་ཡོད་ཞིབ་འཇུག་ལས་རིགས་ཁག་གོང་འཕེལ་ཡོང་རྒྱུར་དམིགས་ཡོད།
ཚོགས་གཙོ་ནན་སི་ཕེ་ལོ་སི་མཆོག་ཐེ་ཝན་དུ་འཚམས་གཟིགས་སུ་ཕེབས་པར། ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཚོས་གཅིག་རྗེས་གཉིས་མཐུད་དུ་རྒྱབ་སྐྱོར་གྱི་རྣམ་པ་བསྟན། དེ་དང་ཆབས་ཅིག རྒྱ་ནག་གིས་མུ་མཐུད་ནས་གནས་སྟངས་ཛ་དྲག་ཚ་རུ་གཏོང་མུས་ཡིན་པའི་སྐོར་ནས། ཨ་རིའི་གྲོས་ཚོགས་ཀྱིས་ཐེ་ཝན་གྱི་རང་སྲུང་ནུས་པ་ཡར་རྒྱས་གཏང་དགོས་ཟེར།
བདེན་རྫུན་གོ་འབྱེད། ཤིན་ཅང་ནང་ངལ་རྩོལ་བཙན་སྐུལ་ལ་བཀག་སྡོམ་བྱེད་པའི་ཁྲིམས་ལུགས་དེ་ལུགས་མཐུན་ཡིན་པར་ར་འཕྲོད་བྱུང་། Polygraph: Plenty of Evidence Justifies Trade Ban for Forced Uyghur Labor
རེས་གཟའ་ཕུར་བུའི་ཉིན་གྱི་སྔ་དྲོར་ཨ་རིའི་སྲིད་འཛིན་བྷ་ཌན་དང་རྒྱ་ནག་དམར་ཤོག་འགོ་ཁྲིད་ཞི་ཅིང་ཕིང་གཉིས་ནས། གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་ཕེ་ལོ་སི་ལགས་ཐེ་ཝན་ནང་འཚམས་གཟིགས་སུ་ཕེབས་འཆར་ཡོད་པའི་སྐོར་དང་འབྲེལ་ནས་གྲོས་མོལ་གནང་ཡོད་པའི་སྐོར། ཚེ་རིང་དབང་མོས་སྙན་སྒྲོན་ཞུ་ཡི་རེད།།
གཟའ་ལྷག་པའི་ཉིན་ཨ་རིའི་གྲོས་ཚོགས་གོང་མར་ཨ་སྒོར་ཐེར་འབུམ་༢༨༠ ཡི་གློག་ལམ་ཉིང་འདུས་སྐོར་གྱི་ཁྲིམས་གཞི་ཞིག་ལ་གྲོས་འཆམ་བྱུང་ཡོད། སྲིད་དོན་ཚོགས་པ་གཉིས་ཀའི་འཐུས་མི་ཚོས་ཁྲིམས་གཞི་དེ་ནི་རྒྱ་ནག་གི་འགྲན་རྩོད་ལ་ཁ་གཏད་བཅག་ཕྱོགས་ཐད་གལ་ཆེ་ཞིག་ལ་ངོས་འཛིན་གནང་གི་ཡོད་པའི་སྐོར། ཚེ་རིང་དབང་མོས་སྙན་སྒྲོན་ཞུ་ཡི་རེད།།
ཕྱི་ཟླ་༧ ཚེས་༢༦ ཉིན། ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱི་ཧིན་རྡུ་ཞི་བདེ་རྒྱ་མཚོའི་ལས་དོན་སྡེ་ཚན་གྱི་འགན་འཛིན་ཨེ་ལི་རཱེ་ཐི་ན་ལགས་ཀྱིས། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་བཙན་དབང་བརྙས་བཅོས་དང་འགན་ཁུར་མེད་པའི་བྱེད་སྟངས་དེ་ཚོས་སྔ་ཕྱི་ཙམ་མ་གཏོགས་དོན་རྐྱེན་ཆེན་པོ་དང་ཆག་སྒོ་ཆེན་པོ་བསླང་ངེས་ཡིན་པར་བརྗོད་འདུག
རྒྱ་ནག་ནང་ས་ཁང་ཁེ་ལས་པ་ཚོས་མི་དམངས་ཀྱི་ལག་ནས་ཁང་པའི་གཏའ་མ་བླངས་རྗེས། ཁང་པ་བརྒྱབ་འཕྲོ་བཞག་པའི་སྣང་ཚུལ་དེ་ནི་དུས་ཡུན་རིང་པོར་གནས་ཡོད་པ་ཞིག་ཡིན། དེ་སྔོན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དང་སྤྱི་ལེ་གཉིས་ཀྱི་བར་ཐག་ལས་མེད་པའི་ཀྲུང་ཤིན་གོ་ཨན་ཧྥུ་ཞེས་པའི་ཁང་པ་དེ། ལོ་༣༠ཙམ་གྱི་རིང་ལ་བརྒྱབ་ཚར་མེད་པར་ལུས་ཡོད།
ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཛ་དྲག་ཆགས་ཡོད་པའི་གནས་སྟངས་འོག ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སེ་ ཕེ་ལོ་སི་ལགས་རིང་མིན་སྤྱི་ཟླ་བརྒྱད་པའི་ནང་ཐེ་ཝན་དུ་ཕེབས་འཆར་ཡོད་པའི་སྐོར། ཚེ་རིང་དབང་མོས་སྙན་སྒྲོན་ཞུ་ཡི་རེད།།
སིངྒ་ལའི་ནང་མི་མང་གིས་ངོ་རྒོལ་ཤུགས་ཆེ་བྱས་པའི་རྗེས། དེ་རིང་གཟའ་ལྷག་པའི་ཉིན་གྲོས་ཚོགས་ཀྱིས་ཡུལ་འདིའི་ནང་སྲིད་བློན་ཐེངས་དྲུག་གནང་མྱོང་མཁན་སྐུ་ཞབས་ར་ནིལ་ ཝིཀ་ར་མ་ནི་སིངྒ་ལའི་སྲིད་འཛིན་གསར་པར་འོས་འདེམས་གནང་ཡོད་པའི་སྐོར། ཚེ་རིང་དབང་མོ་ལགས་ཀྱིས་རྒྱབ་ལྗོངས་ཀྱི་གནས་ཚུལ་ངོ་སྤྲོད་གནང་ཡོད།།
རྒྱ་ནག་དམར་ཤོག་འགོ་ཁྲིད་ཞི་ཅིང་ཕིང་གཟའ་འཁོར་འདིའི་ནང་ཤིན་ཅང་ནང་རྟོག་ཞིབ་ཏུ་འབྱོར་ཡོད་པ་དང་། དེ་ནི་འདས་པའི་ལོ་ངོ་བརྒྱད་རིང་ལ་ཞི་ཅིང་ཕིང་ཤིན་ཅང་དུ་འབྱོར་བ་ཐེངས་དང་པོ་དེ་ཆགས་འདུག
སྲིད་འཛིན་བྷ་ཌན་གྱིས་དཀྱིལ་ཤར་ས་ཁུལ་དུ་འཚམས་གཟིགས་གནང་སྐབས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་པ་ལི་སི་ཐན་གྱི་རིགས་རྒྱུད་ཡིན་པའི་ཨ་རིའི་གསར་འགོད་པ་ Shireen Abu Aklehདང་། ཝ་ཤིང་ཊོན་ཡིག་ཟམ་གྱི་རྩོམ་པ་པོ་ Jamal Khashoggiགཉིས་དམར་གསོད་བཏང་བའི་གནད་དོན་དེ་ཡང་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་གནང་བཞིན་ཡོད།
སིངྒ་ལའི་སྲིད་འཛིན་Gotabaya Rajapaksa ནི་རེས་གཟའ་ལྷག་པའི་ཉིན་གྱི་སྔ་དྲོ་ཙམ་ལ་ཕོ་བྲང་ནས་ཕྱིར་ཉེན་ཡོལ་དུ་ཕེབས་ཏེ་སིང་ག་ཕོར་ནང་སླེབས་ཡོད་ཅིང་། སྲིད་འཛིན་ཁོང་གིས་དེ་ག་ནས་སིངྒ་ལའི་གྲོས་ཚོགས་ལ་རྩ་དགོངས་ཞུ་ཡིག་ཕུལ་ཡོད་པ་སོགས་ཀྱི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུ་ཡི་རེད།།
མང་སྣོན།