ཨ་རིའི་སྲིད་འཛིན་བྷ་ཌན་མཆོག་ཨི་སི་རལ་དུ་འཚམས་འདྲི་ཕེབས་པའི་དམིགས་ཡུལ་གཙོ་བོ་ནི་གྷ་ཛ་ལུང་གཤོངས་སུ་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་སེལ་ཐབས་དེ་ཆགས་ཡོད་པའི་སྐོར་ཚེ་རིང་དབང་མོ་ལགས་ཀྱིས་སྙན་སྒྲོན་ཞུས་གནང་བ་འདིར་གསལ།
སྤྱི་ཟླ་༡༠ པའི་ཚེས་༡༨ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཚོགས་ཆུང་གི་འགན་འཛིན་གཙོས་པའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གྲོས་མོལ་གནང་ཡོད་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད་པ་འདིར་གསལ།
ཨ་རིའི་གྲོས་ཚོགས་གོང་མའི་དམངས་གཙོ་ཚོགས་པའི་འཐུས་མི་ལྕམ་ཌ་ཡེན་ཧྥེན་སི་ཐན་དམ་པ་ཁོང་ནི་༧གོང་ས་མཆོག་དང་ཧ་ཅང་ཐུགས་འདྲིས་ཉེ་པོ་ཡོད་མཁན་ཞིག་ཡིན་པར་མ་ཟད། འདས་པའི་མི་ལོ་བཅུ་གྲངས་འགའ་ཤས་རིང་ལ་བོད་རྒྱ་གྲོས་མོལ་གཙོས་པའི་བོད་དོན་ཐད་ལ་རྒྱུན་ཆད་མེད་པར་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་རེད།
ཀུན་གླེང་ལས་རིམ་དུ་་ཚེ་རིང་དབང་མོ་ལགས་ཀྱིས་ རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཞིབ་འཇུག་སྡེ་ཚན་གྱི་འགན་འཛིན་བུ་ཆུང་ཚེ་རིང་ལགས་དང་ལྷན་དུ་ཨ་རིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་བ་ལྕམ་ཌ་ཡེན ཧྥེན་སི་ཐན་དམ་པ་མཆོག་གི་བོད་དོན་སྐོར་གྱི་མཛད་རྗེས་ཐད་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་སྤྱན་རས་གཟིགས་ཀྱི་བཀའ་དབང་གནང་བ་དང་། སྲིད་སྐྱོང་གི་ལྷོ་ཨ་མི་རི་ཀའི་ཕྱོགས་སྐྱོད། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་གནས་དབྱུང་བཏང་བ། ཨ་རིས་ཡུག་ཀེ་རན་ལ་མུ་མཐུད་རྒྱབ་སྐྱོར། ནོ་བྷེལ་གཟེངས་རྟགས་ཐོབ་མཁན་ཁག་ཅིག་གསལ་བསྒྲགས་བྱས་པ་སོགས་ཡོད།
ཐེངས་འདིའི་ཀུན་གླེང་ལས་རིམ་ནང་ཚེ་རིང་དབང་མོ་ལགས་ཀྱིས་ཨ་རིའི་གཞུང་སྒོ་བརྒྱབ་སྲིད་པའི་ཉེན་ཁ་དང་གྲོས་ཚོགས་འོག་མའི་ཚོགས་གཙོ་གནས་དབྱུང་བཏང་བའི་གནས་ཚུལ་སོགས་ཀྱི་ཐད་འདི་གའི་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་སྐུ་ངོ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་སུ་གླེང་མོལ་ཞུས་ཡོད།
ཨ་རིའི་སྲིད་འཛིན་བྷ་ཌན་མཆོག་གིས་རེས་གཟའ་ཕུར་བུ་ཉིན་ལ་སྲིད་འཛིན་ཟུར་པ་ཊམ་ལ་སྐྱོན་བརྗོད་ཤུགས་ཆེ་གནང་སྟེ། ཊམ་གཙོས་པའི་སྤྱི་མཐུན་ཚོགས་པའི་འབྲེལ་ཡོད་དབུ་ཁྲིད་རྣམས་ཀྱིས་དམངས་གཙོའི་རིན་ཐང་ལྟ་གྲུབ་དང་ཆབ་སྲིད་ལམ་ལུགས་ལ་ཉེན་ཁ་བཟོ་བཞིན་ཡོད་པ་གསུངས་ཡོད་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་གཞུང་གིས་Nagorno-Karabakh ས་ཁུལ་ནས་ཕྱིར་བྲོས་བྱོལ་དུ་ཕེབས་མཁན་གྱི་ཨར་མེ་ནི་ཡ་སྐྱབས་བཅོལ་བ་སྟོང་ཕྲག་མང་པོར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་གནང་བཞིན་པ་དང་། བདུན་ཕྲག་སྔོན་མར་ཨ་ཛེར་བྷ་ཇན་དབང་འཛིན་པ་ཚོས་བསྐྱར་དུ་Nagorno-Karabakh ས་ཁུལ་བདག་བཟུང་བྱས་ཡོད་པ་སོགས་ཀྱི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས།
བྱང་ཀོ་རི་ཡའི་སྡིགས་སྐུལ་ལ་ཁ་གཏད་གཅག་རྒྱུ་དང་ལྷོ་ཀོ་རི་ཡའི་དམག་འཛུགས་དུས་ཆེན་ལ་སྲུང་བརྩི་ཞུ་ཆེད། ལྷོ་ཀོ་རི་ཡའི་རྒྱལ་ས་སོལ་དུ་འདས་པའི་ལོ་བཅུའི་རིང་ལ་སྤེལ་མྱོང་མེད་པའི་དམག་དཔུང་རུ་སྒྲིག་དང་དྲག་ཆས་ངོམ་སྟོན་གྱི་བྱ་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
རེས་གཟའ་ལྷག་པའི་ཉིན་ལ་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིའི་རྩོད་བསྡུར་ཐེངས་གཉིས་པ་དེ་བཞིན་སྲུང་འཛིན་རིང་ལུགས་པའི་ལྟ་གྲུབ་འཛིན་མཁན་ཚོའི་མིག་དཔེ་རུ་གྱུར་ཡོད་པའི་ཨ་རིའི་སྲིད་འཛིན་ཟུར་པ་Ronald Reagan དམ་པ་མཆོག་གི་དཔེ་མཛོད་ཁང་དུ་སྤེལ་འཆར་ཡོད་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
བྷ་ཌན་མཆོག་གིས་གཏམ་བཤད་ཁྲོད་དུ་ཕྱོགས་མང་རིང་ལུགས་སྐོར་ལ་བཀའ་མོལ་མང་པོ་གནང་ཡོད་པ་དེ། དོན་དམ་ལ་ཞི་ཅིན་ཕིང་གིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་ལ་བརྡ་ལན་སྤྲོད་སྟངས་ཤིག་ཆགས་ཡོད་སྟབས། ཨ་རྒྱ་གཉིས་ཀྱི་དབར་ཕྱོགས་མང་རིང་ལུགས་ཐད་ཀྱི་འགྲན་རྩོད་གསར་པ་ཞིག་འགོ་ཚུགས་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱེད་བཞིན་འདུག།
ཡུ་རོབ་ཤར་ཕྱོགས་ཀྱི་རྒྱལ་ཁབ་འགའ་ཤས་ཀྱིས་ཡུག་ཀེ་རན་གྱི་ཟས་རིགས་ནང་འདྲེན་བཀག་སྡོམ་བྱས་པའི་རྗེས་སུ། ཡུག་ཀེ་རན་གྱིས་དེ་དོན་ཐད་འཛམ་གླིང་ཚོང་དོན་རྩ་འཛུགས་ལ་ཞུ་གཏུགས་བྱས་ཡོད་པ་དང་། དེས་ད་ལྟ་ཡུ་རོབ་མནའ་འབྲེལ་ནང་ཁུལ་གྱི་འགལ་ཟླ་ཆེ་རུ་འགྲོ་བཞིན་ཡོད་པ་མཚོན་ཡོད་པའི་སྐོར་ཚེ་རིང་དབང་མོ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་གྲོས་ཚོགས་འོག་མའི་དམག་དོན་ལྷན་ཚོགས་ཀྱིས་པེ་ཅིང་གིས་ཐེ་ཝན་ལ་དམག་གི་སྡིགས་སྐུལ་བྱེད་བཞིན་པའི་ཐད་བྷ་ཌན་འཛིན་སྐྱོང་གིས་གདོང་ལེན་ག་འདྲ་བྱེད་བཞིན་ཡོད་པའི་སྐོར་ལ་ཉན་ཞིབ་ཚོགས་འདུ་ཞིག་སྐོང་འཚོགས་གནང་ཡོད་པ་དང་། ཚོགས་འདུ་དེ་མ་འཚོག་གོང་ཙམ་ལ་རྒྱ་ནག་གིས་ཐེ་ཝན་ཕྱོགས་སུ་དམག་གི་གནམ་གྲུ་༡༠༣ མངགས་གཏོང་བྱས་ཡོད།
རེས་གཟའ་པ་སངས་ཉིན་ལ་འཇར་མན་གྱི་ཕྱི་སྲིད་བློན་ཆེན་ལྕམ་Annalena Baerbock ལགས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཕེབས་ནས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནེ བྷི་ལིན་ཁེན་མཆོག་དང་ལྷན་དུ་ཡུག་ཀེ་རན་ལ་རྒྱང་འཕེན་འཕུར་མདེལ་མཁོ་སྤྲོད་བྱེད་ཕྱོགས་སྐོར་ལ་གླེང་སློང་གནང་ཡོད་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་ནང་དགུ་བའི་༡༡ དོན་རྐྱེན་དུས་དྲན་སྲུང་བརྩི་དང་། འཛམ་གླིང་དཀྱིལ་ཤར་ས་ཁུལ་གྱི་ཞི་བདེའི་ཆེད་ཀྱི་ཨོ་སོ་ལོ་གྲོས་མཐུན་དྲན་གསོ། ལྷོ་ཀོ་རི་ཡ་དང་ཨུ་རུ་སུའི་འགོ་ཁྲིད་གཉིས་མཇལ་འཕྲད། མོ་རོ་ཀོ་ས་ཡོམ་དང་རོགས་སྐྱོར། ཡེ་མཱན་གྱི་ཆུ་ལོག་གནོད་འཚེ་སོགས་ཡོད།
དེ་རིང་རེས་གཟའ་ལྷག་པའི་ཉིན་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨུན་གཉིས་ཐུག་འཕྲད་གྲོས་མོལ་བྱས་ཡོད་པ་དང་། ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་ཀིམ་ཇོང་ཨུན་གྱིས་ཕུ་ཏིན་ལ་གོ་མཚོན་མཁོ་སྤྲོད་བྱ་མི་ཆོག་པའི་སྐོར་ལ་བསྐྱར་དུ་ཉེས་བརྡ་བཏང་འདུག
ཨ་རིའི་ནང་འཇིགས་སྐུལ་རིང་ལུགས་པའི་གཏོར་རྒོལ་དོན་རྐྱེན་བྱུང་ནས་མི་ལོ་༢༢ ཕྱིན་པ་དང་། ད་ལོའི་༩།༡༡ རྗེས་དྲན་ཉིན་མོར་ཨ་རི་བ་ཚོས་དོན་རྐྱེན་དེའི་ཁྲོད་འདས་གྲོངས་ཕྱིན་པའི་མི་༣༠༠༠ མ་ཟིན་ཙམ་ལ་མྱ་ངན་གུས་འདུད་ཞུས། སྲིད་འཛིན་བྷ་ཌན་གྱིས་འཇིགས་སྐུལ་རིང་ལུགས་པའི་བྱ་སྤྱོད་ཡོད་ཚད་འགོག་རྒོལ་ནན་མོ་བྱ་རྒྱུའི་དམ་བཅའ་བཞག
དབྱིན་སྐད་དུ་G20 ཞེས་པའི་འབྱོར་ལྡན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་ནི་༡༩༩༩ ལོར་གསར་འཛུགས་གནང་སྟེ། འཛམ་གླིང་ཐོག་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་ཤོས་གྲས་ཡིན་པའི་རྒྱལ་ཁབ་ཉི་ཤུའི་དབུ་ཁྲིད་ཚོའི་བར་དངོས་གཞི་མིན་པའི་ལྷན་ཚོགས་ཤིག་རེད། རྒྱ་གར་དུ་སྐོང་འཚོག་གནང་རྒྱུའི་ལྷན་ཚོགས་དེའི་ལོ་རྒྱུས་མདོར་བསྡུས་ཤིག་ངོ་སྤྲོད་ཞུ།
ཨ་མེ་རི་ཁའི་སྲིད་འཛིན་གཞོན་པ་ལྕམ་ཀ་མ་ལ་ཧ་རི་སི་མཆོག་ཨི་རྡུལ་ནི་ཞི་ཡའི་རྒྱལ་ས་ཇཱ་ཁ་ཊ་ལ་སྐོང་འཚོགས་བྱས་ཡོད་པའི་ལྷོ་ཤར་ཨེ་ཤེ་ཡའི་ལྷན་ཚོགས་ཐོག་ལ་གཏམ་བཤད་གནང་ཡོད་པ་དང་། ལྷན་ཚོགས་ཐོག་ལ་འབར་མའི་རྒྱལ་དར་བསྒྲེངས་ཡོད་པའི་ཞབས་བཀྱག་སྟོང་པ་ཞིག་བསྒྲིགས་ཡོད་པ་སོགས་ཀྱི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
རྒྱ་ནག་གཞུང་འབྲེལ་གསར་ཁང་གོ་ལའི་དུས་བབ་ཀྱིས་དབྱིན་ཇིའི་འགྲེམ་སྟོན་ཁང་དུ་ཡོད་པའི་རྒྱ་ནག་གོང་མའི་དུས་སྐབས་ཀྱི་རིག་དངོས་རྣམས་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱ་དགོས་ཡོད་ཅེས་པའི་དཔྱད་རྩོམ་ཞིག་སྤེལ་ཏེ། རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱའི་ཐོག་ཏུ་རྒྱ་མི་མང་པོ་ཞིག་མི་རིགས་རིང་ལུགས་ཀྱི་ཚོར་ཤུགས་འཕར་ཡོད་པའི་སྐོར།
མང་སྣོན།