༢༠༢༣ ལོའི་རྒྱལ་ཁབ་ཉི་ཤུའི་ལྷན་ཚོཊ་དེ་བཞིན་སྤྱི་ཟླ་༩ པའི་ཚེས་༩ ཉིན་ནས་ཉིན་གཉིས་རིང་ལ་རྒྱ་གར་གྱི་རྒྱལ་ས་རྡི་ལིར་སྐོང་འཚོཊ་གནང་འཆར་ཡོད་ཅིང་། རྒྱ་གར་ཕྱོཊ་ནས་ཚོཊ་འཐུས་རྒྱལ་ཁབ་ཀྱི་དབུ་ཁྲིད་ཁག་ལ་སྣེ་ལེན་དང་བདེ་སྲུང་གི་ལས་དོན་ཁག་ལ་གྲ་སྒྲིག་ཨང་གསར་སྦེ་ལེན་བྱེད་བཞིན་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོ་ལགས་ཀྱིས་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་སྐུ་ངོ་ཟླ་བ་ཚེ་རིང་ལགས་ལ་རྒྱ་ནག་དམར་ཤོག་གཞུང་གིས་བོད་པའི་རིག་དངོས་ག་ཚོད་ཙམ་རྐུ་ཁྱེར་དང་གཏོར་བརླག་བཏང་ཡོད་པ་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད།
ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོ་ལགས་ཀྱིས་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཕན་ཐོགས་ལགས་ལ་ཕྱི་ཟླ་དགུ་བའི་ཚེས་༡ ནས་ལག་བསྟར་བྱས་པའི་རྒྱ་ནག་གི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ལ་དོ་དམ་བྱེད་ཐབས་ཞེས་པའི་སྒྲིག་སྲོལ་གསར་པ་དེའི་ཐད་བགྲོ་གླེང་ཞུས་ཡོད།
རྒྱ་ནག་དམར་ཤོག་གཞུང་གིས་རྒྱལ་མཚམས་བརྒལ་ནས་འཇིགས་སྐུལ་དང་དྲག་གནོན་བྱེད་པའི་སྲིད་ཇུས་ལག་བསྟར་འོག རང་དབང་ལུང་པའི་ནང་བཙན་བྱོལ་དུ་འབྱོར་ཟིན་པའི་ཁ་ཆེ་ཡུ་གུར་བ་ཚོར་བདེ་འཇགས་ཐད་ནས་བློ་འཚབ་ཡོང་འཇུག་གི་ཡོད་ཅིང་།
ཨ་རིའི་ལྷོ་ཕྱོགས་མངའ་སྡེ་ཧྥུ་ལོ་རི་ཌའི་ནང་མཚོ་རླུང་དྲག་པོ་བྱུང་བ། ལྷོ་ཨ་ཧྥེ་རི་ཀའི་གླིང་ཆེན་ནང་གི་ཇོན་ཧན་ནཱ་གྲོང་ཁྱེར་དུ་ཐོག་ཁང་ཞིག་ལ་མེ་སྐྱོན། བྱང་ཀོ་རི་ཡས་ལྷོ་ཀོ་རི་ཡ་བཙན་བཟུང་བྱ་རྒྱུར་དམིགས་པའི་དམག་སྦྱོང་གཞི་རྒྱ་ཆེན་པོ་ཞིག་སྤེལ་འཆར།
གླེང་གསར་འགྱུར། ༢༠༢༣ ཟླ་༩ ཚེས་༡ ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་བོད་མིའི་སྒྲིག་འཛུགས་ཀྱི་རོགས་ཚོགས་ཚོགས་ཆེན་དབུ་འཛུགས་དང་། ཨུ་རུ་སུའི་དམག་དཔུང་གི་གནས་སྟངས། ཏུར་ཀི་དང་གྷི་རིག་གི་འབྲེལ་ལམ། ཨོ་སི་ཏྲོ་ལི་ཡའི་གདོད་མའི་མི་རིགས། སྲིད་འཛིན་གཞོན་པའི་ཨེ་ཤི་ཡའི་ཕྱོགས་སྐྱོད་སོགས་ཡོད།
ཨ་རིའི་སྲིད་འཛིན་གཞོན་པ་ལྕམ་ཧ་རེ་སི་མཆོག་བདུན་ཕྲག་རྗེས་མར་ལྷོ་ཤར་ཨེ་ཤེ་ཡའི་མནའ་འབྲེལ་རྒྱལ་ཁབ་ཚོའི་ལྷན་ཚོགས་སུ་མཉམ་བཞུགས་ཀྱིས་འབར་མའི་ཉམས་ཉེན་དང་ལྷོ་རྒྱ་ནག་རྒྱ་མཚོའི་རྩོད་རྙོག དེ་བཞིན་ཨུ་རུ་སུ་དང་ཡུག་ཀེ་རན་དབར་གྱི་དམག་འཁྲུག་སོཊ་ཀྱི་སྐོར་ལ་བཀའ་མོལ་གནང་འཆར་ཡོད་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
ཨུ་རུ་སུའི་དམག་དཔུང་ནི་འཛམ་གླིང་ཐོག་དམག་ཤུཊ་ཆེ་ཤོས་ཨང་ལྔ་པ་ཡིན་པར་གྲགས་ཀྱང་། ད་ཕན་ལོ་གཅིག་དང་ཕྱེད་ཀའི་རིང་ཡུག་ཀེ་རན་ལ་བཙན་འཛུལ་བྱས་པའི་དམིཊ་ཡུལ་འགྲུབ་ཐུབ་མེད་པས། དོན་དམ་ལ་ཨུ་རུ་སུའི་དམག་དཔུང་ལ་སྟོབས་ཤུཊ་ག་ཚོད་ཡོད་མེད་སྐོར་འབྲེལ་ཡོད་ཆེད་མཁས་པས་དབྱེ་ཞིབ་བྱས་པ་ཞིག་ཚེ་རིང་དབང་མོས་ཕྱོགས་བསྒྲིཊ་ཞུས་ཡོད།
ཨ་རིའི་ནང་རྒྱལ་ཁབ་གང་རུང་ཞིག་གི་མི་སེར་མ་ཡིན་པའི་མི་འབོར་འབུམ་གཉིས་ལྷག་ཙམ་སླེབས་ཡོད་ཅིང་། ཨ་རིའི་ཕྱི་མི་གཞིས་ཆགས་ལས་ཁུངས་ཀྱིས་རྒྱལ་ཁབ་མེད་པའི་མི་དེ་ཚོར་ཡིག་ཆ་རག་ཐབས་ཐད་ནས་གུ་ཡངས་དང་བསམ་ཤེས་བྱ་དགོས་པའི་ལམ་སྟོན་གསར་པ་ཞིག་སྤེལ་ཡོད་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
ཞི་ཅིན་ཕིང་གིས་ཆུ་ལོག་གི་གནོད་སྐྱོན་ལ་ཁ་ཡ་ཙམ་ཡང་མ་བྱས་པར་སྔར་རྒྱུན་བཞིན་དམར་ཤོག་ཚོགས་པའི་མཐོ་རིམ་དཔོན་པོ་ཚོ་སྣེ་ཁྲིད་ནས་པེ་ཏའེ་ཧེ་ཟེར་བའི་གནས་སུ་འཆར་ཅན་དབྱར་སྐྱིད་གཏང་དུ་ཕྱིན་འདུག
རྒྱ་ནག་གཞུང་གིས་འདས་པའི་མི་ལོ་༧༠ ཙམ་གྱི་རིང་ལ་རྒྱུན་བསྐྱངས་པའི་མི་རིགས་ས་གནས་རང་སྐྱོང་གི་ལམ་སྲོལ་དེ་བཞིན་འབྱུང་འགྱུར་མུ་མཐུད་ནས་རྒྱུན་གནས་ཐུབ་མིན་གྱི་འགག་མདོ་ཞིག་ལ་སླེབས་ཡོད་པ་རེད།
༢༠༢༡ ལོའི་ཟླ་༨ པའི་ནང་ཨ་རིའི་དམག་དཔུང་ཨབ་གྷ་ཎི་སི་ཐན་ནས་ཕྱིར་འཐེན་བྱས་རྗེས། ཏ་ལི་བྷན་ཕྱོགས་ཁག་གིས་རྩིས་ལེན་བྱས་པའི་ཨ་རིའི་གོ་མཚོན་རིགས་འགའ་ཤས་ད་ལྟ་ས་ཆ་གཞན་པ་མང་པོ་ཞིག་གི་ནང་ཐོན་ཡོང་གི་ཡོད་པ་རེད། ཏ་ལི་བྷན་གྱིས་ཨ་རིའི་གོ་མཚོན་དེ་དག་ནག་འཚོང་བརྒྱག་ཆོག་གི་མ་རེད་ཅེས་ཊིག་ཊར་སྟེང་བཀོད། ཡིན་ནའང་དེ་ནི་རྫུན་ནོ།།
སྤྱི་ཟླ་༧ ཚེས་༣༠ སྟེ་འཛམ་གླིང་གི་མི་བསླུ་ཚོང་ལ་ངོ་རྒོལ་བྱེད་པའི་ཉིན་མོ་སྲུང་བརྩི་ཆེད། ནའེ་ཇི་རི་ཡ་རྒྱལ་ཁབ་ཀྱིས་བདུན་གཅིག་རིང་ལ་མི་ནག་ཚོང་རྒྱག་མཁན་ཚོར་རྒོལ་རྡུང་གཏོང་བའི་ལས་འགུལ་སྤེལ་ཡོད། རྒྱལ་ཚོགས་ཀྱིས་ནའེ་ཇི་རི་ཡ་རྒྱལ་ཁབ་ཀྱིས་འབྲེལ་ཡོད་ཉེས་ཅན་ཚོ་ལ་ཁྲིམས་ཆད་ལྗིད་མོ་བཅད་ཀྱི་མེད་ཅེས་སྐྱོན་བརྗོད་བྱེད།
བདུན་ཕྲག་འདིའི་ནང་ཉི་ཧོང་གིས་ཨ་རི་དང་ནེའུ་ཛི་ལན་ཌི་རྒྱལ་ཁབ་ནང་བཞིན་གློོག་ལེབ་ཕྱིར་གཏོང་ཐད་ལ་བཀག་སྡོམ་བྱས་ཡོད་པ་དང་། མི་ཚོས་དེ་ནི་གཙོ་བོ་རྒྱ་ནག་ལ་དམིགས་པ་ཞིག་ཡིན་པར་འདོད་ཀྱི་ཡོད་ཅིང་པེ་ཅིང་གིས་དེར་ཁོང་ཁྲོ་ཆེན་པོའི་ངོ་རྒོལ་བྱས་ཡོད་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་ལ་དྭགས་སུ་མང་ཚོགས་ལ་གསུང་བཤད་གནང་བ་དང་། བྷེལ་ཇེམ་ནས་ཡོང་བའི་སློབ་ཕྲུག་རྣམས་ལ་དམིགས་བསལ་བཀའ་སློབ་སྩལ་བ། རྒྱ་ནག་ཕྱི་སྲིད་བློན་ཆེན་གྱི་འཕོ་འགྱུར་དང་། འཛམ་གླིང་གང་སར་ཚ་དྲོད་ཀྱི་དཀའ་ངལ་སོགས་ཡོད།
ཟླ་བ་གཅིག་ཡས་མས་ལ་གར་སོང་ཆ་མེད་དུ་གྱུར་ཡོད་པའི་རྒྱ་ནག་ཕྱི་སྲིད་བློན་ཆེན་ཆིན་ཀང་ཁ་སང་རེས་གཟའ་མིག་དམར་ཉིན་ལ་གློ་བུར་དུ་ལས་གནས་ནས་གནས་དབྱུང་བཏང་སྟེ་དེའི་ཚབ་ལ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཟུར་པ་དང་ཕྱི་སྲིད་ལས་དོན་ཁང་གི་འགན་འཛིན་ཝང་དབྱི་བསྐོ་བཞག་བྱས་པའི་གནས་ཚུལ་ཚེ་རིང་དབང་མོ་ལགས་ཀྱིས་ངོ་སྤྲོད་བྱས་ཡོད།
ཡོངས་གྲགས་སུ་ཝ་གྷི་ནཱར་གླས་དམག་ཚོགས་པ་ཞེས་འབོད་པའི་ཨུ་རུ་སུའི་སྒེར་གྱི་དམག་དཔུང་དེས་མོ་སི་ཀོའི་ཕྱོགས་སུ་དཔུང་འཇུག་བྱས་ནས་གྱེན་ལོག་ལངས་མཁན་དང་། ཡོངས་ཀྱིས་དོ་སྣང་ཆེན་པོ་བྱེད་བཞིན་པའི་ཝ་གྷི་ནཱར་གླས་དམག་ཚོགས་པ་ཞེས་པའི་འབྱུང་ཁུངས་དང་བྱེད་ལས། ཤུགས་རྐྱེན་སོགས་ཀྱི་སྐོར་ངོ་སྤྲོད་མདོར་བསྡུས་ཞུས་ཡོད་པ་གཤམ་གསལ།
ཨ་མེ་རི་ཁའི་གྲོས་ཚོགས་འོག་མའི་རྒྱ་ནག་སྐོར་གྱི་དམིགས་གསལ་ལས་དོན་ཚོགས་ཆུང་གིས་ཁ་སང་རེས་གཟའ་ཕུར་བུ་ཉིན་ཉན་ཞིབ་ཚོགས་འདུ་ཞིག་སྐོང་འཚོགས་གནང་སྟེ། བྷ་ཌན་འཛིན་སྐྱོང་གིས་རྒྱ་ནག་ཐོག་འཛིན་པའི་སྲིད་ཇུས་སྐོར་ལ་བསྐྱར་ཞིབ་གནང་ཡོད་པའི་སྐོར་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་ཡོད།
ཕྱི་རྒྱལ་གྱི་གསར་འགོད་པ་ཚོས་དེ་དོན་འདྲི་བརྩད་ཐེངས་འགའ་བྱེད་དུས། ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ལན་འདེབས་གང་ཡང་བྱས་མེད། སྲིད་དོན་དབྱེ་ཞིབ་པ་མང་པོ་ཞིག་གིས་ཆིན་ཀང་གློ་བུར་དུ་གར་སོང་ཆ་མེད་གྱུར་པ་དེས་དེང་སྐབས་རྒྱ་ནག་གི་ཆབ་སྲིད་ཁོར་ཡུག་ཧ་ཅང་ཉེན་ཁ་ཆེན་པོ་ཡིན་པ་གསལ་པོ་མཚོན་ཡོད་ཅེས་འགྲེལ་བརྗོད་བྱས་འདུག
མང་སྣོན།