བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྡེ་དགེའི་དྲག་གནོན་ཐད་ཐུགས་འཚབ་ཆེན་པོའི་ཐོག་ནས། རྒྱ་ནག་གཞུང་ལ་བཀག་ཉར་བྱས་པའི་བོད་མི་རྣམས་གང་མགྱོགས་གློད་བཀྲོལ་གཏང་དགོས་པ་དང་ཆུ་མཛོད་གསར་རྒྱག་གི་ལས་གཞི་འཕྲལ་དུ་མཚམས་འཇོག་བྱ་དགོས་པ་སོགས་ཀྱི་ནན་སྐུལ་གནང་ཡོད།
ཀུན་གླེང་དུ་ཚེ་རིང་དབང་མོ་ལགས་ནས་ཆབ་སྲིད་བཙོན་ཟུར་དང་བོད་རང་བཙན་འཐབ་རྩོད་པ་བསྟན་པ་དར་རྒྱས་ལགས་སུ། ཁོང་རང་ཉིད་ཀྱི་མི་ཚེའི་འགྱུར་བ་དང་བོད་རང་བཙན་འཐབ་རྩོད་ཆེད་དུ་ལས་འགུལ་སྤེལ་ནས་ལོ་བཅུ་འཁོར་བའི་མྱོང་ཚོར་སོགས་ཀྱི་སྐོར་ནས་བགྲོ་གླེང་ཞུ་རྒྱུ་ཡིན་།
ཀུན་གླེང་གསར་འགྱུར་ནང་ཨ་རིའི་དམག་སྒར་ལ་གཏོར་རྒོལ་ཐེབས་པར་ཡ་ལན་སློག་རྒྱུའི་གནོན་ཤུགས་ཆེ་རུ་འགྲོ་བཞིན་པ་དང་། ཨུ་རུ་སུ་དང་ཡུག་ཀེ་རེན་གྱི་དམག་འཁྲུག་ཁྲོད་ཕན་ཚུན་ལ་གཏོར་རྒོལ། ཧོང་ཀོང་གི་བདེ་འཇགས་ཁྲིམས་ཡིག ཨ་རི་དང་རྒྱ་ནག་གིས་ཉལ་ཐའི་བཀག་སྡོམ་ཐད་གྲོས་མོལ། རྒྱ་གར་གྱི་ཧིན་རྡུ་མི་རིགས་རིང་ལུགས་སོགས་ཡོད།
ཐེངས་འདིའི་གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་། སྲིད་སྐྱོང་མཆོག་གི་ཕྱོགས་སྐྱོད་དང་བོད་དོན་ཞུ་སྐུལ། སྨོན་ལམ་མིས་བཟོས་རིག་ནུས་ཐད་དགེ་བཤེས་སྨོན་ལམ་ལགས་ཀྱི་འབོད་སྐུལ། པ་ཀི་སི་ཐན་གྱི་སྲིད་བློན་ཟུར་པར་ཁྲིམས་ཆད། འབར་མའི་སྲིད་འགྱུར་བྱུང་ནས་ལོ་གསུམ་འཁོར་བ་བཅས་ཡོད།
ཐེངས་འདིའི་གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་། གྷ་ཛའི་དམག་འཁྲུག་ཁྲོད་ཨི་སི་རལ་གྱི་དམག་མི་ཉི་ཤུ་ལྷག་གི་སྲོག་སྐྱོན་ཤོར་བ་དང་། ཨ་རི་དང་དབྱིན་ཇིས་ཧུ་ཐི་ཡུལ་དམག་གི་རྟེན་གཞིར་གཏོར་རྒོལ་བཏང་བ། ཞིན་ཅང་དུ་ས་ཡོམ་གོད་ཆག་བྱུང་བ། དེ་བཞིན་རྒྱ་ནག་ཡུན་ནན་ཞིང་ཆེན་དུ་རི་ཉུལ་དོན་རྐྱེན་བྱུང་བ་བཅས་ཡོད།
ཀུན་གླེང་གསར་འགྱུར་ནང་ཨ་རིའི་སྲིད་འཛིན་གྱི་སྔོན་འགྲོའི་འོས་བསྡུ་ཐོག་མ་བྱེད་སའི་མངའ་སྡེའི་ནང་ཊམ་ལ་རྒྱལ་ཁ་ཐོབ་པ་དང་། ཨི་རན་གྱིས་ཨི་རག་ནང་དུ་གཏོར་རྒོལ། གླིང་ཕྲན་རྒྱལ་ཁབ་ནའོ་རུ་ཡིས་ཐེ་ཝན་དང་ཕྱི་འབྲེལ་བཅད་པ། སེར་བྱེས་ཚན་རིག་སྦྱོང་བརྡར་ཁང་དབུ་འབྱེད། ཌ་ཝོ་སི་དཔལ་འབྱོར་གླེང་སྟེགས་སོགས་ཡོད།
ཐེངས་འདིའི་གསར་འགྱུར་གནད་བསྡུས་ནང་བོད་རང་བཙན་དང་བོད་མིའི་མདུན་ལམ་གྱི་ཚོགས་འདུ་དང་། བྱང་ཀོ་རི་ཡས་ཀོ་རི་ཡ་གཅིག་སྒྲིལ་གྱི་སྲིད་ཇུས་དོར་བར་བཤད་པ། རྒྱ་ནག་དང་ཨོ་མེན།། ཨ་རིས་ཧོ་ཐི་ཡུལ་དམག་གི་རྟེན་གཞིར་གཏོར་རྒོལ་བཏང་བ། ཨ་རིའི་རྒྱལ་སྲུང་དྲུང་ཆེ་སྨན་ཁང་ནས་ཐཽན་པ་བཅས་ཡོད།
ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོ་ལགས་ཀྱིས་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་བཀྲ་ཤིས་ཚེ་རིང་ལགས་སུ། ༢༠༢༤ ལོའི་ཐེ་ཝན་གྱི་སྲིད་འཛིན་འོས་བསྡུའི་གནས་སྟངས་དང་ལྟ་བ་ལངས་ཕྱོགས་སོགས་ཀྱི་སྐོར་ནས་བགྲོ་གླེང་ཞུས་ཡོད།
ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོ་ལགས་ཀྱིས་འབྲས་སྤུངས་བློ་གསལ་གླིང་གི་མཁན་རིན་པོ་ཆེ་དགེ་བཤེས་བློ་བཟང་བསམ་གཏན་ལགས་དང་ལྷན། ༧གོང་ས་མཆོག་དབུ་བཞུགས་ཐོག་དགེ་བཤེས་ལྷ་རམས་པ ༢༠༠ ལྷག་ལ་ཕྱག་འཁྱེར་སྩལ་བའི་སྐོར་ལ་བགྲོ་གླེང་ཞུས་ཡོད།
དེ་རིང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་གསུང་ཆོས་དབུ་འཛུགས་དང་། གྷ་ཛ་དམག་འཁྲུག་གཞི་རྒྱ་ཆེ་རུ་འགྲོ་སྲིད་པའི་སེམས་ཁྲལ། ཨ་རི་དང་མེག་སི་ཀོས་ཕྱི་མི་གཞིས་ཆགས་སྟངས་འཛིན་ཐད་གྲོས་མོལ། རྒྱ་ནག་གིས་མའོ་སྐྱེས་ནས་ལོ་༡༣༠ འཁོར་བའི་དུས་དྲན་གཞི་རྒྱ་ཆེན་པོ་བྱེད་པའི་རྒྱུ་མཚན་སོགས་ཡོད།
ཨུ་རུ་སུས་དམག་འཁྲུག་ལ་ངོ་རྒོལ་བྱེད་མཁན་ལ་བཙོན་འཇུག་ཁྲིམས་ཆད་བཅད་པ་དང་། ཨ་རི་དང་རྒྱ་ནག་གི་དམག་དཔུང་འགོ་ཁྲིད་ཀྱིས་དྲ་ལམ་ནས་འབྲེལ་མཐུད།ཡུ་རོབ་ཀྱི་ས་ཁུལ་མང་པོ་ཞིག་ཏུ་ཆུ་ལོག་གི་གནོད་འཚེ་ཆེན་པོ་ཐེབས་པ། ནིའུ་ཡོག་ཏུ་ཕྱི་ལོ་གསར་ཚེས་ཀྱི་དགའ་སྟོན་སྟ་གོན་བཅས་ཡོད།
ཨི་སི་རེལ་གྱིས་ཧ་མ་སི་དྲག་སྤྱོད་སྒྲིག་འཛུགས་རྩ་གཏོར་གཏང་ཆེད། གྷ་ཛ་ལུང་གཤོངས་སུ་སྐམ་མཚོ་གནམ་གསུམ་ནས་གཏོར་རྒོལ་བྱེད་བཞིན་པ་དང་། ནུབ་མཚོ་ཁའི་ནུབ་རྒྱུད་དུ་རྒོལ་རྡུང་ཤུགས་ཆེ་བཏང་ནས་པ་ལི་སི་ཐན་པ་འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་འཕར་བཞིན་ཡོད་སྟབས། དམག་འཁྲུག་དེ་གཞི་རྒྱ་ཆེ་རུ་འགྲོ་རྒྱུར་བློ་འཚབ་ཡོང་གི་ཡོད།
ཡུག་ཀེ་རན་གྱི་སྲིད་འཛིན་གྱིས་རྒྱལ་སྤྱིའི་རོཊ་སྐྱོར་འཚོལ་ཐབས་བྱ་རྒྱུ་ནི་འབྱུང་འགྱུར་ལོ་གཅིག་རིང་གི་དམིཊ་ཡུལ་གཙོ་བོ་ཡིན་པ་གསལ་བསྒྲགས་གནང་ཡོད་པ་དང་། ཨ་རི་དང་འཇར་མན་གྱིས་བདུན་ཕྲག་འདིར་ཡུག་ཀེ་རན་ལ་མུ་མཐུད་ནས་རོགས་སྐྱོར་བྱ་རྒྱུའི་ཁེས་ལེན་གནང་ཡོད་པའི་སྐོར་ཚེ་རིང་དབང་མོ་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་མེ་རི་ཁའི་བཟོ་ཚོང་ཁང་ཚོ་རིམ་བཞིན་རྒྱ་ནག་ནས་ཕྱིར་འཐེན་བྱས་ཏེ་རྒྱལ་ཁབ་གཞན་དུ་གནས་སྤོ་བྱེད་བཞིན་པ་དང་བསྟུན་ནས། APEC ཞེས་པའི་ཨེ་ཤེ་ཡའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཚོགས་བཞུགས་རྒྱལ་ཁབ་ཚོ་དེའི་ཁྲོད་ནས་ཁེ་བཟང་རག་སྲིད་པའི་གནས་ཚུལ་ཞིག་ཚེ་རིང་དབང་མོས་སྙན་སྒྲོན་ཞུས་གནང་བ་འདིར་གསལ།
རྒྱ་ནག་གི་ཝང་དབྱི་ཨ་རིར་འཚམས་འདྲི་འབྱོར་ནས་ཨ་རྒྱ་གཉིས་ཀྱི་དབུ་ཁྲིད་མཇལ་མོལ་ཡོང་རྒྱུར་སྔོན་འགྲོའི་གྲ་སྒྲིག་བྱས་པ་དེར་གྲུབ་འབྲས་ག་འདྲ་ཐོབ་ཡོད་མེད་དང་། ལི་ཁེ་ཆང་གློ་བུར་དུ་འདས་གྲོངས་སུ་ཕྱིན་པར རྒྱ་ནག་གཞུང་དམངས་གཉིས་ཀྱིས་རྣམ་འགྱུར་ཐ་དད་འཛིན་དགོས་པའི་རྒྱུ་མཚན་སོགས་ཀྱི་སྐོར་བགྲོ་གླེང་ཞུས་ཡོད།
བོད་རང་བཙན་འཐབ་རྩོད་པ་ཐུབ་བསྟན་ཆོས་ཉིད་ལགས་ཀྱིས་བོད་རང་བཙན་ཁུངས་སྐྱེལ་དང་བོད་དོན་རྒྱབ་སྐྱོར་འཚོལ་ཐབས་ཆེད་དུ་དུས་ཡུན་ལོ་གཅིག་རིང་གི་ལས་འགུལ་སྤེལ་བཞིན་པ་དང་། ལས་འགུལ་དེ་བཞིན་ད་ཕན་ག་འདྲ་བྱུང་ཡོད་མེད་དང་དམིགས་ཡུལ་སོགས་ཀྱི་སྐོར་ནས་ཐུབ་བསྟན་ཆོས་ཉིད་ལགས་སུ་བགྲོ་གླེང་ཞུས་ཡོད།
དམག་འཁྲུག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པའི་སྲིད་འཛིན་བྷ་ཌན་མཆོག་ལ་མཚོན་ན། ཨི་ཧ་དམག་འཁྲུག་དང་ཨུ་ཡུག་དམག་འཁྲུག། དེ་བཞིན་ཐེ་ཝན་གྱི་གནད་དོན་དང་འབྲེལ་ནས་ཨ་རྒྱ་གཉིས་དབར་གྱི་འབྲེལ་ལམ་ཛ་དྲག་ཆཊ་བཞིན་པའི་རྐྱེན་ལས། ཁོང་ཉིད་༢༠༢༤ ལོའི་སྲིད་འཛིན་འོས་བསྡུའི་ནང་རྒྱལ་ཁ་ལེན་ཐུབ་མིན་ལ་ཁར་ཐུག་འབྲེལ་བ་ཆཊ་ཀྱི་ཡོད་པ་རེད།
དེ་རིང་གི་གསར་འགྱུར་ལ་རྒྱ་ནག་གི་སྲིད་བློན་ཟུར་པ་ལི་ཁེ་ཆཱང་གློ་བུར་དུ་རྐྱེན་འདས་གྱུར་བ་དང་། ཨ་རིའི་གྲོས་ཚོགས་ཀྱི་ཚོཊ་གཙོ་གསར་པ་འདེམས་ཐོན། རིགས་ལམ་སློབ་གཉེར་ཁང་དང་ས་རཱ་མཐོ་སློབ་ཚུགས་པའི་དུས་དྲན་སྲུང་བརྩི། ཨི་སི་རལ་དང་ཧ་མ་སིའི་དམག་འཁྲུག་གི་སྐབས་འདིར་ཨི་རན་གྱི་རྡུལ་ཕྲན་ལས་གཞིར་དོ་སྣང་ཡོང་བཞིན་པ་བཅས་ཡོད།
རྩེ་ཕོ་བྲང་ཆེན་པོར་སྐུ་དཀར་སྲོལ་བའི་སྐོར། ཨུ་རུ་སུས་ཡུ་རོབ་རླུང་འཕྲིན་གྱི་བུད་མེད་གསར་འགོད་པ་ཞིག་བཀག་ཉར། དབྱིན་ཇིའི་སྲིད་བློན་མཆོག་གིས་ཨི་སི་རལ་ལ་རྒྱབ་སྐྱོར་དང་གྷ་ཛ་ལུང་གཤོངས་སུ་མི་ཆོས་རིང་ལུཊ་ཀྱི་རོཊ་སྐྱོར་གང་མགྱོགས་གནང་དགོས་འབོད་སྐུལ། གྷ་ཛ་ལྷོ་ཕྱོགས་སུ་པ་ལི་སི་ཐན་གྱི་མི་ཚོས་འདས་པོ་ཚོར་མྱ་ངན་ཞུ་བ།
དེ་རིང་གི་གསར་འགྱུར་ནང་སྲིད་འཛིན་བྷ་ཌན་གྱིས་ཧ་མ་སི་དང་པུ་ཊིན་མཚུངས་བསྡུར་བྱས་ནས་ཨི་སི་རལ་དང་ཡུག་ཀེ་རན་ལ་རྒྱབ་སྐྱོར་གྱི་འབོད་སྐུལ་ཞུས་པ་དང་། ཨི་སི་རལ་ལ་འཚམས་གཟིགས། སྲིད་སྐྱོང་གི་ཨ་རིའི་རྒྱལ་སའི་བོད་དོན་ཞུ་སྐུལ། ཨ་རིས་དཀྱིལ་ཤར་ཁུལ་དུ་དཔུང་ཤུགས་འཕར་སྣོན། ཨི་རན་གྱི་མ་དངུལ་བཀག་སྡོམ་བྱེད་སྲིད་པ་སོགས་ཡོད།
མང་སྣོན།