ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༸གོང་ས་མཆོག་གི་རྨད་བྱུང་ཐུགས་བསྐྱེད་དམ་བཅའ་ཞེས་པའི་ཕྱག་དེབ་པོད་བཞིའི་བདག་ཉིད་ཅན་ཞིག་དབུ་འབྱེད་གནང་བ་དང་། ཊམ་གྱིས་སྲིད་ཇུས་མང་པོར་ལམ་སང་འགྱུར་བ་གཏོང་རྒྱུ། ཤྲི་ལངྒའི་འོས་བསྡུའི་གྲུབ་འབྲས་ནང་ལས་ཐོག་སྲིད་འཛིན་ལ་རྒྱལ་ཁ་ཐོབ་པའི་གནས་ཚུལ་ཐོན་པ་སོགས་ཡོད།
ཊམ་གྱིས་ཕྱི་འབྲེལ་སྲིད་ཇུས་སྐོར་ཞིབ་ཕྲ་གསུངས་མེད་ཀྱང་། དཀྱིལ་ཤར་མངའ་ཁུལ་དང་ཡུག་ཀེ་རན་གྱི་ནང་དམག་འཁྲུག་འཕྲལ་མྱུར་ཐག་གཅོད་གནང་རྒྱུའི་དགོངས་གཞི་ཡོད་པའི་སྐོར་ལ་འདི་གའི་གསར་འགོད་པ་པེཌ་སི་ཝི་དུ་ཀུསི་ཝ་ར་ཡིས་བཏང་པའི་གནས་ཚུལ་དེ་ནོར་བུའི་བསམ་འཕེལ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
རྒྱལ་ཚོགས་ཀྱི་གྷ་ཛའི་སྐྱབས་བཅོལ་བའི་ལས་ཁུངས་ཀྱི་འགན་འཛིན་གྱིས་གྷ་ཛའི་བྱང་ཕྱོགས་མངའ་ཁུལ་གྱི་གནས་སྟངས་ཛ་དྲག་ཡོད་པའི་ཉེན་བརྡ་བཏང་བ། རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེས་གནམ་གཤིས་འགྱུར་ལྡོག་ཐད་ཉེན་བརྡ་བཏང་བ། ནུབ་ཆིངས་སྤྱི་ཁྱབ་དྲུང་ཆེས་མཐུན་ཚོགས་ཚོས་ཡུག་ཀེ་རན་ལ་དགོས་ངེས་ཀྱི་རོགས་རམ་གནང་དགོས་སྐོར་གསུངས་པ།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་དཀྱིལ་ཤར་ཁུལ་གྱི་ཟིང་འཁྲུག་མཚམས་འཇོག་དགོས་པ་ནན་བརྗོད་སྐོར་དང་། གྷ་ཛ་དང་ཡུག་ཀེ་རན་གྱི་དམག་འཁྲུག་མཚམས་འཇོག་གི་ཕྱི་འབྲེལ། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་བཅས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་བྷ་ཌན་གྱིས་འོས་བསྡུའི་རྗེས་སུ་རྡོག་རྩ་གཅིག་སྒྲིལ་གྱི་འབོད་སྐུལ་གནང་བ་དང་། ཨེ་ཤེ་ཡའི་རྒྱལ་ཁབ་ཚོས་ཊམ་གྱི་ལས་དུས་གཉིས་པར་རེ་དོགས། ཊམ་གྱི་རྒྱལ་ཁས་ནུབ་ཆིངས་དང་ཡུ་རོབ་ལ་ཤུགས་རྐྱེན་ག་རེ་ཐེབས་སྲིད་པ། རྒྱ་གར་གྱིས་ཊམ་གྱི་རྒྱལ་ཁའི་ཐད་གླེང་བརྗོད་གནང་བ་སོགས་ཡོད།
གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་། ཨི་སི་རལ་གྱིས་ལེ་བྷ་ནོན་ནང་དུ་དྲག་རྒོལ་དང་། རྒྱ་གར་ཕྱི་སྲིད་བློན་ཆེན་གྱིས་ཨ་རིའི་འོས་བསྡུའི་ནང་ཊམ་ལ་རྒྱལ་ཁ་ཐོབ་རྗེས་ཀྱི་ཚོང་འབྲེལ་ཐད་གཏམ་བཤད་གནང་བ། ཡུག་ཀེ་རན་གྱི་རྒྱལ་སར་དྲག་རྒོལ་ཐེབས་པ། ཐེ་ཝན་དུ་ཊམ་ལ་རྒྱལ་ཐོབ་པའི་ཐད་བགྲོ་གླེང་གནང་བ་སོགས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་སྲིད་འཛིན་ཟུར་པ་ཊམ་ལ་ཨ་རིའི་འོས་བསྡུའི་ནང་རྒྱལ་ཁ་ཐོབ་པའི་སྐོར་དང་། ཌོ་ནལ་ཊམ་མཆོག་བསྐྱར་དུ་སྲིད་འཛིན་ཆགས་པའི་བཞུད་ལམ་ངོ་སྤྲོད་བཅས་ཡོད།
གསར་འགྱུར་གལ་ཆེན་གཞན་ཁག་གི་ནང་དོན་གནད་བསྡུས་ནང་། བོད་པ་ཁོར་ཡུག་སྲུང་སྐྱོབ་པ་ཞིག་གར་སོང་ཆ་མེད་དུ་གྱུར་བ་དང་། ཨི་སི་རལ་གྱིས་ལེ་བྷ་ནན་ནང་དུ་གཏོར་རྒོལ་བཏང་བ། བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་ཚོད་ལྟ། རྒྱ་གར་གྱི་སྲིད་བློན་གྱིས་མངའ་ཁོངས་སོར་གང་ཙམ་ཡང་བློས་གཏོང་བྱེད་མི་སྲིད་ཅེས་གསུངས་པ་སོགས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཡུ་རོབ་ཀྱིས་ཨ་རིའི་འོས་བསྡུ་ནི་ནུབ་ཆིངས་སྒྲིག་འཛུགས་དང་ཨུ་ཡུག་དམག་འཁྲུག འཛམ་གླིང་གི་ཚོང་དོན་འབྲེལ་ལམ་སོགས་ལ་གལ་གནད་ཆེན་པོ་ཞིག་ཆགས་ཡོད་པར་ངོས་འཛིན་དང་། བོད་མདོ་སྨད་རྔ་བ་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་པ་ཞིག་གར་སོང་ཆ་མེད་གྱུར་བ་སོགས་ཀྱི་གསར་འགྱུར་ཡོད།
ཨི་སི་རལ་གྱིས་ལེ་བྷ་ནོན་གྱི་ཤར་ཕྱོགས་བྷེ་ཀ་གྲོང་རྡལ་གྱི་ཐོག་གཏོར་རྒོལ་དྲག་པོ་བྱས་པའི་གནས་ཚུལ་ཐོན་པའི་སྐབས་འདིར། ལེ་བྷ་ནོན་གྱི་དྲག་པོའི་སྒྲིག་འཛུགས་ཧེ་ཛི་བྷོ་ལས་ན་ཡམ་ཀ་སམ་འགོ་ཁྲིད་དུ་འོས་འདེམས་བྱས་ཡོད་པའི་་སྐོར་ལ་ནོར་བུ་བསམ་འཕེལ་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཧྥེ་ལི་ཕིན་ནང་གཞུང་འབྲེལ་ཕྱོགས་ཕེབས་ལེགས་གྲུབ། རྒྱལ་ཚོགས་སུ་བཅའ་བཞུགས་ཨི་སི་རལ་གྱི་གཞུང་ཚབ་ཀྱིས་གྷ་ཛའི་ནང་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བར་རོགས་སྐྱོབ་ལས་ཁུངས་དེ་ནི་འཇིགས་སྐུལ་བའི་འཐབ་ཕྱོགས་ཤིག་རེད་སྐྱོན་འཛུགས་བྱས་ཡོད་པའི་སྐོར་ཡོད།
ཀུན་གླེང་གསར་འགྱུར་ནང་ཨ་རིའི་སྲིད་འཛིན་འོས་མི་གཉིས་ཀྱི་མཐའ་མའི་དྲིལ་སྒྲོག་འབོད་སྐུལ་གནང་བ་དང་། འོས་བསྡུ་འདི་ཡིས་ཡུག་ཀེ་རན་ལ་ཤུགས་རྐྱེན་ག་འདྲ་ཐེབས་སྲིད་པ། ཧེ་ཛི་བྷོ་ལས་འགོ་ཁྲིད་གསར་འདེམས་དང་ཨི་སི་རལ་གྱི་དྲག་རྒོལ། ཡུ་རོབ་ཀྱིས་རྒྱ་ནག་གི་གློག་གི་མོ་ཊར་སྒོ་ཁྲལ་འཕར་མ་སྤར་རྒྱུ་སོགས་ཡོད།
རྒྱ་གར་དང་རྒྱ་ནག་གི་འགོ་ཁྲིད་རྣམས་ཀྱིས་ BRICS མཐུན་ཚོགས་ཀྱི་ཆེས་མཐོའི་ཚོགས་འདུའི་ཟུར་དུ་ལྷན་འཛོམས་གནང་བ་དེས་ཡུལ་གཉིས་དབར་སྲིད་དོན་དང་དཔལ་འབྱོར་གྱི་འབྲེལ་བ་ཇེ་བཟང་དུ་འགྲོ་བའི་རེ་བ་བྱེད་ཀྱི་ཡོད་ཀྱང་། ཕན་ཚུན་ལ་བློ་དོགས་དང་ཡིད་ཆེས་མེད་པའི་སྐོར་ནོར་བུ་བསམ་འཕེལ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
རེས་གཟའ་ཟླ་བའི་ཉིན་རྒྱ་གར་གྱིས་རྒྱ་ནག་དང་མཉམ་དུ་ས་མཚམས་ཀྱི་འཁོན་འཛིན་ལྷིང་འཇག་ཡོང་ཐབས་སུ་དམིགས་པའི་ས་མཚམས་སྐོར་སྲུང་གི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་པའི་རྗེས་སུ་རྒྱ་གར་གྱི་དམག་སྤྱི་ཞིག་གིས་གཟའ་མིག་དམར་ཉིན་རྒྱ་གར་གྱིས་ ༢༠༢༠ ལོའི་ཕྱི་ཟླ་བཞི་པའི་གོང་གི་གནས་བབ་སླར་གསོ་བྱ་འདོད་ཡོད་ཅེས་གསུངས་ཡོད།
ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གཟའ་མིག་དམར་ཉིན་ཨི་སི་རལ་གྱི་དབུ་ཁྲིད་ཚོ་དང་མཇལ་འཕྲད་གནང་སྟེ། པ་ལི་སི་ཊན་གྱི་མི་མང་ཚོར་མི་ཆོས་ཕན་བདེའི་རོཊ་རམ་ཇེ་མང་དུ་གཏོང་རྒྱུ་དང་། ཨི་སི་རལ་གྱི་གྷ་ཛ་དང་ལེ་བྷ་ནོན་གྱི་ནང་དམག་འཁྲུག་དེ་མཇུག་སྡོམ་བྱ་རྒྱུར་གནོན་ཤུཊ་སྤྲད་ཡོད་པའི་སྐོར་ནོར་བུ་བསམ་འཕེལ་ལཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ ༦༤ ཕྱིན་པའི་མཛད་སྒོའི་སྐོར་དང་། ཕྱི་སྲིད་དྲུང་ཆེས་ཨི་སི་རལ་ལ་འཚམས་གཟིགས་དང་འབོད་སྐུལ་གནང་བ། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་སོགས་ཡོད།
ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཡུག་ཀེ་རན་ནང་འཚམས་འདྲིར་ཕེབས་ཡོད་པ་དང་། ཨུ་རུ་སུའི་བཙན་འཛུལ་མཚམས་བཞག་མེད་པའི་རྒྱབ་ལྗོངས་འོག་ཡུག་ཀེ་རན་མི་དམངས་ཚོས་ནུབ་ཕྱོགས་མནའ་འབྲེལ་རྒྱལ་ཁབ་ཚོས་དམག་འཁྲུག་དེ་ལ་སུན་སྣང་དང་་ཡིད་ཐང་ཆད་ཡོང་སྲིད་པའི་སྐོར་ལ་བློ་འཚབ་སྐྱེ་བཞིན་པའི་སྐོར་ནོར་བུ་བསམ་འཕེལ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨ་རིའི་འོས་བསྡུའི་ནང་གཡོ་འགུལ་ཅན་གྱི་མངའ་སྡེ་ཞེས་འབོད་པའི་མངའ་སྡེ་བདུན་པོས་འོས་བསྡུའི་མཐའ་མའི་རྒྱལ་ཕམ་ཐག་གཅོད་བྱེད་ཀྱི་ཡོད་པར། ཨ་རི་ཛོ་ན་ནི་དེ་སྔོན་སྤྱི་མཐུན་ཚོགས་པར་དགའ་ཞེན་ཅན་གྱི་མངའ་སྡེ་ཞིག་ཡིན་རུང་། དེ་སྔོན་༢༠༢༠ ལོར་མི་བྷ་ཌན་ལ་རྒྱལ་ཁ་ཐོབ་ཡོད་པའི་སྐོར་ནོར་བུ་བསམ་འཕེལ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
གསར་འགྱུར་གལ་ཆེན་གཞན་ཁག་གི་གནད་བསྡུས་ནང་། ནུབ་ཆིངས་སྒྲིག་འཛུགས་ཀྱི་དྲུང་ཆེ་གསར་པས་ཚོགས་འདུ་སྐོང་འཚོགས་གནང་བ་དང་། ཡུག་ཀེ་རན་གྱི་སྲིད་འཛིན་གྱིས་ཨུ་རུ་སུ་དང་དམག་འཁྲུག་འདི་མཇུག་སྡོམ་བྱ་རྒྱུར་དམིགས་པའི་རྒྱལ་ཁའི་འཆར་གཞི་ཞེས་པ་དེ་ཡུ་རོབ་ཀྱི་དབུ་ཁྲིད་ཚོར་སྙན་འབུལ་ཞུས་ཡོད་པ་བཅས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨི་སི་རལ་གྱིས་ཧ་མ་སིའི་འགོ་ཁྲིད་བསད་པ་དང་དེ་ནི་དམག་འཁྲུག་གི་དཀྱོག་མཚམས་གསར་པ་ཞིག་ཏུ་མཐོང་གིན་ཡོད་པ། རྒྱ་ནག་ནི་དྲ་ལམ་རང་དབང་གི་སྐྱོ་ཤོས་ཀྱི་རྒྱལ་ཁབ་ཡིན་པ། སྲིད་འཛིན་བྷ་ཌན་གྱིས་འཇར་མན་ནང་འཚམས་གཟིགས། ནུབ་ཆིངས་སྒྲིག་འཛུགས་ཀྱི་ཚོགས་འདུ་བཅས་ཡོད།
མང་སྣོན།