གསར་འགྱུར་གལ་ཆེན་གཞན་ཁག་གི་གནད་བསྡུས་ནང་། རྒྱ་གར་ཀ་ཤི་མཱིར་གྱི་འགོ་ཁྲིད་གསར་པ་ཚོས་དམ་འབུལ་གནང་བ། འཛམ་གླིང་དཀྱིལ་ཤར་ས་ཁུལ་གྱི་དམག་འཁྲུག་གི་གནས་སྟངས། ཨ་རི་དང་། ལྷོ་ཀོ་རི་ཡ། ཉི་ཧོང་གི་ཕྱི་སྲིད་ལས་སྣེ་རྣམས་མཇལ་འཛོམས། ཡུ་རོབ་མཉམ་འབྲེལ་གྱིས་ཨུ་རུ་སུར་གདོང་ལེན་བྱེད་ཕྱོགས་ཐད་བགྲོ་གླེང་བྱས་པ་བཅས་ཡོད།
ཀུན་གླེང་གསར་འགྱུར་ནང་རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་དབུ་འཛུགས་གནང་བ་དང་། ཨ་རིས་ཨི་སི་རལ་ལ་གྷ་ཛར་རོགས་སྐྱོར་མང་བ་སྤྲོད་དགོས་པའི་རེ་སྐུལ། མངའ་སྡེ་ནེ་ཝ་ཌ་ནི་སུ་ལ་ཐོབ་རྒྱུ་ངེས་གཏན་མེད་པ་ཆགས་པ། རྒྱ་གར་གྱི་མངའ་ཁུལ་ཀ་ཤི་མཱིར་གྱི་འགོ་ཁྲིད་གསར་པ་ཚོས་དམ་འབུལ་གནང་བ་སོགས་ཡོད།།
གསར་འགྱུར་གལ་ཆེན་གཞན་ཁག་གི་གནད་བསྡུས་ནང་། ཨི་སི་རལ་གྱིས་ལེ་བྷ་ནོན་གྱི་སྟེང་དྲག་རྒོལ་དང་། བྱང་ཀོ་རི་ཡས་རྒྱལ་ཁབ་གཉིས་མཐུད་བྱེད་ཀྱི་གཞུང་ལམ་གཏོར་བ། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་པ་ཀི་སི་ཐན་དུ་ཚོགས་འདུར་སླེབས་པ། ཨ་ཧྥེ་རི་ཀའི་ནང་མི་ས་ཡ་མང་པོས་བཀྲེས་ལྟོགས་མྱོང་དགོས་པ་འབྱུང་སྲིད་པའི་སྔོན་བརྡ་བཏང་བ་སོགས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཡུག་ཀེ་རན་སྲིད་འཛིན་གྱིས་མངའ་ཁོངས་ཁྱོན་ནས་བློས་གཏོང་བྱེད་མི་སྲིད་པའི་གཏམ་བཤད་གནང་བ་དང་། རྒྱ་ནག་གིས་ཐེ་ཝན་ལ་སྡིགས་སྐུལ་དམག་སྦྱོང་བྱས་པའི་མཐའ་མའི་དམིགས་ཡུལ། རྒྱ་གར་གྱི་སྲིད་བློན་པ་ལི་སི་ཐན་ལ་སླེབས་པ་སོགས་ཡོད།
གླུ་གཞས་མ་ཐེ་ལོར་སི་ཝེ་ཧྥུ་ཊི་དང་ཤུགས་རྩལ་པ་ཧུལ་ཁི་ཧ་གྷན་སོགས་མི་སྣ་གྲགས་ཅན་ཁག་ཅིག་གིས་སྲིད་འཛིན་འོས་མི་རྣམ་གཉིས་ལ་ངོས་འཛིན་གྱི་རྒྱབ་སྐྱོར་གསལ་བསྒྲགས་བྱས་ཡོད་ཀྱང་། འོས་བསྡུའི་མཇུག་འབྲས་ལ་ཤུགས་རྐྱེན་ཐེབས་ཐུབ་མིན་དེ་ད་དུང་ཚོད་ཐིག་ཁག་པོ་ཆགས་ཡོད་པའི་སྐོར་ནོར་བུ་བསམ་འཕེལ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨི་སི་རལ་གྱིས་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་དཔུང་དམག་ལྔར་རྨས་སྐྱོན་བཏང་རྗེས། ཨི་སི་རལ་གྱི་སྲིད་བློན་གྱིས་ཨི་སི་རལ་གྱིས་ཧེ་ཛི་བྷོ་ལའི་ཐོག་དམིགས་འབེན་གྱིས་གཏོར་རྒོལ་བྱ་ཡུལ་དེ་དག་ནས་རྒྱལ་ཚོགས་ཀྱི་དཔུང་དམག་རྣམས་ཕྱིར་འཐེན་བྱ་དགོས་ཞེས་འབོད་སྐུལ་གནང་ཡོད་པའི་སྐོར་ནོར་བུ་བསམ་འཕེལ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཧོང་ཀོང་གཞུང་གིས་རྒྱལ་ཁབ་བདེ་འཇཊ་ཟེར་བའི་མིང་ཐོག་ནས་གསར་འགོད་པ་ཚོར་དམ་དྲག་བྱེད་བཞིན་པར། རྒྱལ་ཁབ་གཞན་དུ་སྐྱབས་བཅོལ་དུ་ཕེབས་པའི་ཧོང་ཀོང་གི་གསར་འགོད་པ་འགའ་ཞིག་གིས་ཧོང་ཀོང་ནང་གི་གསར་འགོད་རང་དབང་ཐོག་སྡིགས་སྐུལ་དེ་དག་ལ་ཁ་གཏད་འགོག་རྒོལ་བྱེད་ཀྱི་ཡོད་པའི་སྐོར་ནོར་བུ་བསམ་འཕེལ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཨི་སི་ལ་མི་ཁི་འཇིགས་སྐུལ་རིང་ལུགས་པ་ཕམ་ཉེས་གཏོང་རྒྱུར་དམིགས་པའི་རྒྱལ་སྤྱིའི་མཐུན་ཚོགས་་ཀྱིས་ཨི་རག་ནང་གི་དྲག་པོའི་ལས་འགུལ་དེ་མཇུག་སྡོམ་གནང་ཡོད་པའི་སྐོར་ནོར་བུ་བསམ་འཕེལ་ལགས་ཀྱིས་སྙན་སྒྲོན་ཞུས་གནང་འདིར་གསལ།
ཨ་རིའི་ཇོར་ཇི་ཡ་མངའ་སྡེའི་ནང་ཕྱི་ཟླ་༡༠ པའི་ཚེས་༡༥ ཉིན་ནས་བཟུང་། སྲིད་འཛིན་འོས་བསྡུའི་སྔ་ནུར་འོས་བསྡུ་འགོ་འཛུགས་བྱེད་ཀྱི་ཡོད་པ་དང་། བསམ་ཚུལ་དཔྱད་ཞིབ་ཁག་ལ་གཞིགས་ན་འོས་མི་གཉིས་དབར་འགྲན་བསྡུར་གྱི་གྲངས་ཚད་ཧ་ཅང་ཉེ་བོ་ཞིག་ཡོང་རྒྱུའི་སྔོན་དཔག་བྱེད་ཀྱི་ཡོད་པའི་སྐོར་ནོར་བུ་བསམ་འཕེལ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
ཞིས་ཅིན་ཕིང་སོགས་ཀྱིས་རྒྱ་ནག་གི་དཔལ་འབྱོར་དཀའ་ངལ་གསར་པར་གདོང་ལེན་བྱེད་ཀྱི་ཡོད་པར་ངོས་ལེན། ཧོང་ཀོང་གི་གསར་འགྱུར་རྩོམ་སྒྲིག་པ་གཉིས་ལ་ཁྲིམས་ཆད། ཉི་ཧོང་གིས་གསང་བའི་གནས་ཚུལ་མཁོ་སྒྲུབ་བྱེད་སྤྱད་འཁོར་སྐར་གློད་གཏོང་བྱས་སྐོར་བཅས་ཡོད།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཉི་ཧོང་གི་རྒྱལ་སྲུང་བློན་ཆེན་ཟུར་པ་སྲིད་བློན་ཆགས་རྒྱུ་ཡིན་པའི་སྐོར་དང་། ཛེ་ལན་སི་ཀེ་སྲིད་འཛིན་བྷ་ཌན་དང་ཧེ་རི་སི་ལ་མཇལ་འཕྲད་གནང་བ། པ་ལི་སི་ཐན་སྲིད་འཛིན་གྱིས་རྒྱལ་ཚོགས་རྒྱས་འཛོམས་སར་འབོད་སྐུལ། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་བཅས་ཡོད།
ཛེ་ལེན་སི་ཀི་ཡིས་རེས་གཟའ་མིག་དམར་ཉིན་གྱི་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་སུ་གཏམ་བཤད་གནང་སྐབས། ཨུ་ཡུག་དབར་གྱི་དམག་འཁྲུག་དེ་གྲོས་མོལ་གཅིག་པུས་ཐག་གཅོད་ཡོང་ཐབས་དཀའ་བས། ངེས་པར་དུ་ཨུ་རུ་སུར་ཞི་བདེ་ངོས་ལེན་ཡོང་བའི་གནོན་ཤུགས་སྤྲོད་དགོས་ཞེས་གསུངས་ཡོད་པའི་སྐོར་ནོར་བུ་བསམ་འཕེལ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།
རྒྱ་གཞུང་གིས་བོད་མི་དགེ་འདུན་པ་བློ་བཟང་ཐབས་མཁས་ལཊ་སུ་ལོ་ངོ་གསུམ་གྱི་བཙོན་འཇུག་བཅད་ཁྲ་བཏང་བ། རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེས་གྷ་ཛ་དང་ཡུག་ཀེ་རན། སུའུ་ཏན་སོཊ་ཀྱི་གནད་དོན་ཐད་གཏམ་བཤད། ཤྲི་ལངྐའི་སྲིད་འཛིན་གསར་པས་སྲིད་བློན་གསར་པ་བསྐོ་བཞག།
ཀུན་གླེང་གསར་འགྱུར་ནང་བྷ་ཌན་གྱིས་རྒྱལ་ཚོགས་སུ་དཀྱིལ་ཤར་གནད་དོན་ཐད་གཏན་བཤད་གནང་སྐོར་དང་། ཨི་སི་རལ་གྱིས་མུ་མཐུད་ཧེ་ཛི་བྷོ་ལར་རྒོལ་རྡུང་གཏང་རྒྱུ་ཡིན་ཟེར། བོད་མིའི་སྒྲིག་འཛུཊ་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་སློབ་གྲྭ་ཁག་གི་རིག་གཞུང་འདུ་འཛོམས། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་སོགས་ཡོད།
སྲིད་འཛིན་བྷ་ཌན་གྱིས་རེས་གཟའ་སྤེན་པའི་ཉིན། ཨ་རི་དང་རྒྱ་གར། ཉི་ཧོང་དང་ཨོ་སི་ཁྲི་ལི་ཡ་བཅས་ལས་གྲུབ་པའི་QUADཞེས་པའི་བདེ་འཇགས་འཐབ་ཇུས་ཀྱི་མཐུན་ཚོགས་ཀྱི་དབུ་ཁྲིད་གསུམ་ལ་སྣེ་ལེན་གྱིས་དམངས་གཙོ་རྒྱལ་ཁབ་བཞི་པོས་ཕན་ཚུན་མཉམ་ལས་ལ་ཤུགས་སྣོན་བྱ་རྒྱུའི་གསལ་བསྒྲགས་གནང་སྐོར་ནོར་བུ་བསམ་འཕེལ་ལགས་ནས་སྙན་སྒྲོན་ཞུས་ཡོད།
ཨི་སི་རལ་གྱི་དཔུང་དམག་གིས་རེས་གཟའ་ཟླ་བ་དང་མིག་དམར་བཅས་ཉིན་གྲངས་གཉིས་རིང་ལེ་བྷ་ནན་དང་སི་རི་ཡ་ནང་ཡོད་པའི་ཧེ་ཛི་བྷོ་ལ་དྲག་སྤྱོད་ཚོགས་པའི་རྟེན་གཞི་བཅུ་གྲངས་འགའ་ཤས་དང་དམིགས་འབེན་༡༣༠༠ ལྷག་གི་ཐོག་ལ་མཁའ་ཐོག་ནས་གཏོར་རྒོལ་དྲག་པོ་བཏང་ཡོད་པའི་སྐོར་ནོར་བུ་བསམ་འཕེལ་ལགས་ནས་ཕྱོགས་བསྒྲིཊ་ཀྱིས་སྙན་སྒྲོན་ཞུས་ཡོད།
བརྡ་གཏོང་གློག་ཆས་འབར་གས་རྗེས་སུ་ཧེ་ཛི་བྷོ་ལ་འགོ་ཁྲིད་ཀྱིས་ཨི་སི་རལ་ལ་སྐྱོན་འཛུཊ། བྷ་ཌན་གྱིས་འབོད་སྐུལ་ལྟར་སུའུ་ཏན་ནང་ཞི་བའི་གྲོས་མོལ་བསྐྱར་གསོར་མོས་མཐུན། མོ་དྷིས་ཀ་ཤི་མེར་མངའ་ཁུལ་གྱི་ན་གཞོན་ཚོར་འཚོ་རྟེན་ལས་ཀའི་གོ་སྐབས་སྤྲོད་རྒྱུའི་ཁས་ལེན། བྷ་ཌན་གྱིས་རྒྱལ་ཁབ་བཞི་འབྲེལ་མཐུན་ཚོཊ་ཀྱི་ཚོཊ་འདུ་སྐོང་འཚོཊ།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཧེ་ཛི་བྷོ་ལཱ་འགོ་ཁྲིད་ཀྱིས་འཁོན་ལན་སློག་རྒྱུའི་ཁས་ལེན་བྱས་སྐོར་དང་། ཨ་རིས་རྒྱ་གཞུང་གིས་ཁྲིམས་ལུཊ་གོ་མཚོན་ཅན་དུ་བསྒྱུར་བར་ཉན་ཞིབ། ཇོ་ནང་སྤྱི་འཐུས་དགོས་པའི་འབོད་སྐུལ། གསར་འགྱུར་གཞན་ཁག་ཅིག་གི་གནད་བསྡུས་བཅས་ཡོད།
༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ། ཨུ་རུ་སུ་དང་རྒྱ་ནག་སོཊ་ཀྱིས་ཨ་རིའི་འོས་བསྡུར་ཤུཊ་རྐྱེན་སྤྲོད་ཐབས། ཀུན་གླེང་ལས་རིམ་དུ་་བགྲོ་གླེང་ཞུ་རྒྱུ་ཡིན། བལ་ཡུལ་དུ་སྟོན་ཀའི་ནམ་དུས་དང་བསྟུན་ཧིན་དུའི་དུས་ཆེན་འགོ་ཚུགས། ལེ་བྷ་ནན་རྒྱལ་ཡོངས་སུ་ལག་ཐོཊ་བརྡ་འཕྲིན་འཕྲུལ་ཆས་ཁག་གློ་བུར་དུས་ཅིག་ཏུ་འབར་གས།
ལེ་བྷ་ནན་རྒྱལ་ཡོངས་སུ་ལག་ཐོཊ་བརྡ་འཕྲིན་འཕྲུལ་ཆས་ཁག་གློ་བུར་དུས་ཅིག་ཏུ་འབར་གས། རྒྱ་གར་ཀ་ཤི་མིར་གྱི་མི་མང་ཚོ་འོས་བསྡུའི་ནང་མཉམ་ཞུགས། བྷངྒ་ལ་དེཤི་རྒྱལ་ཡོངས་ཚོགས་པའི་འགོ་ཁྲིད་དང་ལས་འགུལ་བ་ཚོས་ཁྲོམ་སྐོར་བྱས་སྐོར་སོགས་ཡོད།
མང་སྣོན།