ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༥/༠༥/༡༩

ཀུན་གླེང་ཐད་གཏོང་། ༢༠༢༤ ལོའི་ཟླ་༧ ཚེས་༨ Kunleng Full Broadcast: July 8 2024


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༨༩ ཕེབས་པར་བཞུགས་སྒར་དྷ་རམ་ས་ལ་དང་། རྒྱ་གར་ལྷོ་ཕྱོགས། བལ་ཡུལ། ཨ་རིའི་ནེའུ་ཡོག ཧྥ་རན་སི་སོགས་སུ་འཁྲུངས་སྐར་གཟབ་རྒྱས་ཞུས་པ་དང་། སྲིད་བློན་མོ་དྷི་སོགས་ཀྱིས་༧གོང་ས་མཆོག་ལ་འཚམས་འཕྲིན་གནང་བ་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཨུ་རྒྱན་བསྟན་འཛིན་ལགས་ཀྱིས་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་འདུའི་དམིགས་ཡུལ་དང་ཕན་འབྲས་བཅས་ཀྱི་སྐོར་ལ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་དང་། དབྱིན་ཡུལ་དང་བླང་བོད་དོན་ཞུ་གཏུག་འབྲེལ་མཐུད་པ་ཏཱ་ར་ལྷ་མོ་ལགས། སྦེལ་ཇམ་དང་བླང་བོད་དོན་ཞུ་གཏུག་འབྲེལ་མཐུད་པ་བསྟན་འཛིན་དཔལ་སྒྲོན་བཅས་དང་ལྷན་དུ་གླེང་མོལ་ཞུས་ཡོད། གཟའ་ཟླ་བ་ནས་པ་སངས་བར་གྱི་ཀུན་གླེང་ལས་རིམ་ནང་ཀུན་གླེང་གསར་འགྱུར་དང་། དྲ་སྣང་གི་བོད། ཆབ་སྲིད་བཙོན་པ་ངོ་སྤྲོད། བུད་མེད་ལེ་ཚན། དཔེ་ཀློག ཁ་བའི་མི་སྣ། བརྗོད་གཞི་གལ་ཆེན་གྱི་ཐད་བགྲོ་གླེང་གི་ལེ་ཚན་བཅས་གོ་སྒྲིག་བྱས་ཡོད། ཀུན་གླེང་ལས་རིམ་ནི་རྒྱ་གར་གྱི་དགོང་མོའི་ཆུ་ཚོད་བདུན་དང་ཕྱེད་ཀ་ནས་བརྒྱད་པའི་བར་དང་། བོད་ནང་གི་དགོང་མོའི་ཆུ་ཚོད་བཅུ་བ་ནས་༡༠ དང་ཕྱེད་ཀའི་བར། དེ་བཞིན་ཨ་རིའི་ཤར་ཕྱོགས་ཀྱི་ཞོགས་པའི་ཆུ་ཚོད་༡༠ པ་ནས་༡༠ དང་ཕྱེད་ཀའི་བར་བརྙན་འཕྲིན་དང་། ངོ་དེབ། ཡུག་ཊུབ། འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་དྲ་ཚིགས་བཅས་སུ་ཐད་གཏོང་བྱེད་པ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

ལེ་ཚན།

ལེ་ཚན་ཁག
XS
SM
MD
LG