ཀུན་གླེང་། ༢༠༢༣ ལོའི་ཟླ་༡༢ ཚེས་༢༩
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་གསུང་ཆོས་དབུ་འཛུགས་དང་། གྷ་ཛ་དམག་འཁྲུག་གཞི་རྒྱ་ཆེ་རུ་འགྲོ་སྲིད་པའི་སེམས་ཁྲལ། ཨ་རི་དང་མེག་སི་ཀོས་ཕྱི་མི་གཞིས་ཆགས་སྟངས་འཛིན་ཐད་གྲོས་མོལ། རྒྱ་ནག་གིས་མའོ་སྐྱེས་ནས་ལོ་༡༣༠ འཁོར་བའི་དུས་དྲན་གཞི་རྒྱ་ཆེན་པོ་བྱེད་པའི་རྒྱུ་མཚན་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་༢༠༢༤་ལོའི་དྲ་ལམ་བོད་འབྲེལ་གནས་ཚུལ་ཆེ་ཤོས་དང་། བོད་ཡིག་དྲ་ཚིགས་ཁག རིག་ནུས་དང་བཀོལ་ཆས། བོད་འབྲེལ་དྲན་ཐོ་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་གདན་འདྲེན་ཞུས་ནས་༢༠༢༣ ལོ་ལོ་གཅིག་རིང་ལ་རྒྱ་ནག་ནང་གི་སྲིད་འབྱོར་རིག་གསུམ་གྱི་གནས་སྟངས་དང་། ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་སོགས་ཀྱི་ཐད་ལ་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།
ལེ་ཚན།
-
སྤྱི་ཟླ་དྲུག་པ། ༠༧།༢༠༢༥
ཀུན་གླེང་ཐད་གཏོང་།
-
སྤྱི་ཟླ་དྲུག་པ། ༠༦།༢༠༢༥
ཀུན་གླེང་།
-
སྤྱི་ཟླ་དྲུག་པ། ༠༦།༢༠༢༥
ཀུན་གླེང་ཐད་གཏོང་།
-
སྤྱི་ཟླ་དྲུག་པ། ༠༥།༢༠༢༥
ཀུན་གླེང་།
-
སྤྱི་ཟླ་དྲུག་པ། ༠༥།༢༠༢༥
ཀུན་གླེང་ཐད་གཏོང་།
-
སྤྱི་ཟླ་དྲུག་པ། ༠༤།༢༠༢༥
ཀུན་གླེང་།