ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༥/༠༦/༠༩

ཀུན་གླེང་། ༢༠༢༣ ལོའི་ཟླ་༡༢ ཚེས་༢༢


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་རྒྱལ་སྤྱིའི་དགེ་འདུན་པའི་བགྲོ་གླེང་ཚོགས་འདུ་མཇུག་སྒྲིལ་བ་དང་། བོད་མི་མང་སྤྱི་འཐུས་ཀྱི་ཚོགས་འདུ་འཕར་འགྱངས། གྷ་ཛ་དམག་འཁྲུག་དང་བྷ་ཌན་གྱི་མཚན་མཐོང་། རྒྱ་ནག་དང་ཧྥི་ལི་པིན་གྱི་འཁྲུག་རྩོད། རྒྱ་ནག་ནས་ཨ་རིར་བྲོས་བྱོལ་ཡོང་མཁན་ཡར་འཕར་བ་སོགས་ཀྱི་གནས་ཚུལ་ཡོད། ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་རྒྱ་ནག་གཞུང་གིས་ཐེངས་གསུམ་འཛིན་བཟུང་བཙོན་བཅུག་དང་། ཆབ་སྲིད་ཀྱི་ཉེས་མིང་འོག་ཁྱོན་བསྡོམས་མི་ལོ ༡༧ རིང་བཙོན་འཇུག་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་བསོད་ནམས་རྒྱལ་པོ་ལགས་ངོ་སྤྲོད་དུམ་བུ་གཉིས་པ་དེ་གཟིགས་འབུལ་ཞུ། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བོད་ཀྱི་དུས་བབ་རྩོམ་སྒྲིག་པ་པདྨ་མཚོ་ལགས་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འབུམ་རམས་པ་ཚེ་དབང་རྡོ་རྗེ་ལགས་རྣམ་གཉིས་གདན་འདྲེན་ཞུས་ནས་༢༠༢༣་ལོར་བོད་ནང་བྱུང་བའི་གནས་ཚུལ་གལ་ཆེན་ཁག་གི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

ལེ་ཚན།

ལེ་ཚན་ཁག
XS
SM
MD
LG