ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༥/༠༦/༠༩

ཀུན་གླེང་། ༢༠༢༣ ལོའི་ཟླ་༡༢ ཚེས་༡༥


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་བདེ་བོར་འཁོད་པ་དང་། ས་ལུ་ག་ར་རུ་གསུང་ཆོས་སྩལ་བ། ཨ་རིའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པས་ཨི་སི་རལ་ནང་འབོད་སྐུལ། སྲིད་འཛིན་བྷ་ཌན་ལ་ཞིབ་དཔྱོད། འཛམ་གླིང་ཁོར་ཡུག་ཚོགས་ཆེན་སྟེང་གི་མཐའ་མའི་མོས་མཐུན་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་༧རྒྱལ་བ་གཅེན་གཅུང་མཇལ་བའི་བརྙན་དང་། རྒྱ་ནག་གིས་ངོ་དེབ་རྫུན་མ་བཟོས་ནས་བཙན་བྱོལ་བོད་མིའི་མཐུན་ལམ་གཏོར་བཞིན་པ་ངོ་དེབ་བཟོ་ཚོང་ཁང་གིས་སྙན་ཐོ་བཏོན་པ་སོགས་ཡོད། ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་རྒྱ་ནག་གཞུང་གིས་ཐེངས་གསུམ་ལ་འཛིན་བཟུང་བཙོན་འཇུག་དང་། ཆབ་སྲིད་ཀྱི་ཉེས་མིང་འོག་ཁྱོན་བསྡོམས་མི་ལོ ༡༧ རིང་བཙོན་འཇུག་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་བསོད་ནམས་རྒྱལ་པོ་ལགས་ངོ་སྤྲོད་བྱེད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཏུ་ཚུགས་པའི་རྣམ་རྒྱལ་ཤེས་རིག་ཞིབ་འཇུག་ཁང་གི་དགོས་པ་དང་ཞིབ་འཇུག་ཁང་དེར་གནའ་དེང་གི་དཔེ་ཆ་དཀོན་རིགས་ཅི་ཙམ་ཡོད་མེད་སོགས་ལ་ཞིབ་འཇུག་ཁང་དེའི་བོད་ཡིག་ཉམས་ཞིབ་འགན་འཛིན་ཨཱཙཱརྱ་ཚུལ་ཁྲིམས་རྒྱ་མཚོ་གདན་འདྲན་ཞུས་ནས་བགྲོ་གླེང་ཞུ་རྒྱུ་ཡིན།

ལེ་ཚན།

ལེ་ཚན་ཁག
XS
SM
MD
LG