ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༥/༠༦/༢༣

ཀུན་གླེང་། ༢༠༢༣ ལོའི་ཟླ་༤ ཚེས་༧


ཀུན་གླེང་། ༢༠༢༣ ལོའི་ཟླ་༤ ཚེས་༧
please wait

No media source currently available

0:00 0:59:58 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཀུན་གླེང་གསར་འགྱུར་ནང་བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་འདུ་དང་། ཕྱི་སྲིད་དྲུང་ཆེ་ནུབ་ཆིངས་ཀྱི་ཚོགས་འདུར་མཉམ་ཞུགས། ཛེ་ལེན་སི་ཀེས་པོ་ལན་དུ་འཚམས་གཟིགས། ཐེ་ཝན་སྲིད་འཛིན་གྱི་ཨ་རིའི་ནང་གི་མཇལ་འཕྲད། ཧྥ་རན་སི་དང་ཡུ་རོབ་འགོ་ཁྲིད་ཀྱིས་རྒྱ་ནག་ལ་འཚམས་གཟིགས་གནང་བ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་བྷོ་ཊའི་སྐད་ཡིག་ཅེས་པའི་ཐ་སྙད་ཐད་བགྲོ་གླེང་། ནི་ཏཱརྠ་དྲྭ་རྒྱའི་དཔེ་མཛོད་ངོ་སྤྲོད་སོགས་ཡོད། ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་བཀའ་བློན་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་མཛད་འཁུར་དམ་འབུལ་སོགས་བཞེས་མྱོང་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་བཀའ་ཟུར་ཞེ་བོ་བློ་བཟང་དར་རྒྱས་ལགས་ངོ་སྤྲོད་བྱས་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་ལ་ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་བཅུ་པ་ངོས་འཛིན་ཞུ་སྟངས་དང་བསླབ་པ་སློབ་གཉེར་གང་དུ་འགོ་ཚུགས་རྒྱུ་ཡིན་མིན། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་རིམ་བྱོན་གྱི་འབྲེལ་བ། བོད་དང་སོག་པོ་གཉིས་ཀྱི་ཆོས་རིག་གི་འབྲེལ་བ་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།

ལེ་ཚན།

ལེ་ཚན་ཁག
XS
SM
MD
LG