TV Schedule

ཀུན་གླེང་། ༢༠༢༡ ལོའི་ཟླ་༧ ཚེས་༩
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པའི་ནང་མིར་ཐུགས་གསོའི་གསུང་འཕྲིན་སྩལ་བ་དང་། ཨ་རིའི་དམག་དཔུང་ཨབ་གྷ་སི་ཐན་ནས་ཕྱིར་འཐེན་གྱི་གསལ་བསྒྲགས། ཏོག་ནད་འགོག་བཅོས་དང་འཛམ་གླིང་ཡོངས་ལ་འགོག་ཁབ་མཁོ་སྤྲོད། ཧེ་ཐིའི་སྲིད་འཛིན་ལྐོག་གསོད་བྱས་པ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་བོད་ནང་དྲ་ལམ་དུ་འཁྲུངས་སྐར་སྲུང་བརྩི་དང་། རྒྱལ་སྤྱིའི་སྟེང་གི་གནད་ཡོད་མི་སྣ་མང་པོས་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ། ཧི་མ་ལ་ཡ་སྣེ་ཁྲིད་ཚོགས་པའི་དྲྭ་ཚིགས་ངོ་སྤྲོད་སོགས་ཡོད། ཐེངས་འདིའི་ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོ་ལགས་ཀྱིས་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་ལ་སིམ་ལ་ཆིངས་ཡིག་གི་ཐད་བགྲོ་གླེང་ཞུས་ཡོད་པ་དང་། རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ལ་རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་དང་ཁོར་ཡུག་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།