ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༥/༠༧/༢༠

TV Schedule

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༦ ཚེས་༩

ཨ་རིའི་རླུང་འཕྲིན་ཁང་གི་ཐེངས་འདིའི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་འཛམ་གླིང་བཟང་ཕྱོགས་སུ་བསྐྱོད་ཚུལ་བགྲོ་གླེང་ཐད་མཉམ་ཞུགས་གནང་བ་དང་། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ཀྱིས་ཚོགས་གཙོ་དང་ཚོགས་གཞོན་བདམས་ཐུབ་མེད་པ། སྲིད་འཛིན་གཞོན་པ་ཧ་རེ་སི་ཡིས་ཐེངས་དང་པོར་ཕྱི་རྒྱལ་ལ་འཚམས་གཟིགས། རྒྱ་གར་གྱི་ནད་ཡམས་གནས་སྟངས་སོགས་ཡོད། ཐེངས་འདིའི་ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ལ་སྲིད་སྐྱོང་གསར་པའི་ནད་ཡམས་ངལ་སེལ་ལས་གཞིའི་ཐད་བཅར་འདྲི་ཞུས་པ་དང་། བསོད་ནམས་གཡང་འཛོམས་ལགས་ཀྱིས་རྣམ་གྲོལ་གླིང་གིས་བོད་མི་སྐྱ་སེར་མང་པོར་འགོག་ཁབ་ཀྱི་སྨན་སྦྱིན་གནང་བའི་ཐད་པད་ནོར་རིན་པོ་ཆེའི་དགེ་རྩ་ཚོགས་པའི་འགན་འཛིན་སྤྲུལ་སྐུ་ཆོས་དར་ལགས་ལ་བཅར་འདྲི་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG