ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༥/༠༧/༡༠

TV Schedule

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༣ ཚེས་༩

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཡུག་ཀེ་རན་ནང་གི་དམག་འཁྲུག་མཚམས་འཇོག་ཡོང་ཐབས་ཀྱི་རྒྱལ་སྤྱིའི་འབད་བརྩོན་དང་། ཕྱི་རྒྱལ་གྱི་དང་བླངས་པ་མང་པོ་དམག་སར་བསྐྱོད་བཞིན་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེས་མཐོའི་སྐུ་ཚབ་ཀྱིས་ཞིན་ཅང་སོགས་སུ་གཟིགས་ཞིབ་གནང་རྒྱུ། རྒྱལ་སྤྱིའི་བུད་མེད་དུས་ཆེན་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་རྩོམ་སྒྲིག་པ་ཚེ་བརྟན་དབང་ཕྱུག་ལགས་དང་ལྷན་ཨུ་རུ་སུས་ཡུག་ཀེ་རན་ལ་བཙན་འཛུལ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨུ་རུ་སུ་ལ་དཔལ་འབྱོར་ཉེས་ཆད་གཅོད་བཞིན་པ་སོགས་ཀྱི་ཐད་བགྲོ་གླེང་བྱས་ཡོད། དེ་བཞིན་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་ཀྱི་སྒྲ་སྒྱུར་དང་ཉམས་ཞིབ་ལྷན་ཁང་གི་བསྟན་འཛིན་རིག་བཟང་ལགས་དང་ལྷན་བོད་ཀྱི་བྱིས་པ་ཚོར་དམིགས་པའི་ཚན་རིག་གི་རྒྱུན་ཤེས་དེབ་ཕྲེང་༣༢་དཔར་དུ་བསྐྲུན་ཏེ་འགྲེམ་སྤེལ་བྱ་འཆར་ཡོད་པའི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG