ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༧/༡༡

TV Schedule

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༢ ཚེས་༩

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རི་དང་འཇར་མན་གྱི་འགོ་ཁྲིད་ཡུག་ཀེ་རན་གྱི་ཐད་དགོངས་པ་གཅིག་མཐུན་དང་། ཨུ་རུ་སུ་དང་རྒྱ་ནག་འགོ་ཁྲིད་ཀྱི་དཔུང་སྒྲིལ། པེ་ཅིང་ཨོ་རྩེད་སྟེང་གི་དྲ་གནས་བདེ་འཇགས། བོད་ཀྱི་འགྲེམས་སྟོན་ཁང་གསར་པ་དབུ་འབྱེད། རྒྱ་གར་དུ་སྙན་གྲགས་ཅན་གྱི་གཞས་མ་ཞིག་ལ་མྱ་ངན་ཞུས་པ་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོ་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་འགན་འཛིན་གཞོན་པ་བསྟན་ཆོས་རྒྱ་མཚོ་ལགས་ལ་ཨ་རིའི་གྲོས་ཚོགས་འོག་མའི་ནང་གྲོས་འཆམ་བྱུང་བའི་ཨ་རྒྱ་དབར་གྱི་འགྲན་རྩོད་ཁྲིམས་འཆར་སྐོར་བགྲོ་གླེང་ཞུས་ཡོད། དེ་བཞིན་དུ་ཚེ་རིང་སྐྱིད་ལགས་ཀྱིས་ཉི་ཧོང་དུ་བཅའ་བཞུགས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ལ་ཉི་ཧོང་གྲོས་ཚོགས་ཀྱིས་གཟའ་འཁོར་སྔོན་མའི་ནང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གྲོས་ཆོད་དཀོན་པོ་ཞིག་བཞག་ཡོད་པའི་ཐད་བགྲོ་གླེང་བྱས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG