TV Schedule
༢༢:༠༠ - ༢༣:༠༠
ཀུན་གླེང་། ༢༠༢༢ ལོའི་ཟླ་༡༡ ཚེས་༩
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་བར་མའི་འོས་བསྡུའི་ཁྲོད་འདི་གར་གནས་སྡོད་བོད་མི་རྣམས་མཉམ་ཞུགས་བྱས་ཡོད་པའི་སྐོར་དང་། ༧གོང་ས་མཆོག་གིས་བལ་ཡུལ་གྱི་བཙུན་མ་དང་རིགས་ལམ་སློབ་གཉེར་ཁང་གི་སློབ་ཐོན་པ་རྣམས་ལ་མཇལ་ཁ་བཀའ་སློབ་གནང་བ། རྒྱལ་ཚོགས་ཀྱི་གནམ་གཤིས་ཚོགས་ཆེན་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་། རྩོམ་སྒྲིག་འགན་འཛིན་ཚེ་བརྟན་དབང་ཕྱུག་ལགས། ཨ་རིའི་ཆབ་སྲིད་དབྱེ་ཞིབ་པ་རྟའུ་བསྟན་འཛིན་དམ་ཆོས་ལགས་དང་ལྷན། ཨ་རིའི་བར་མའི་འོས་བསྡུའི་གྲུབ་འབྲས་དང་། ཤུགས་རྐྱེན་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།