ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༥/༠༧/༢༠

TV Schedule

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༩ ཚེས་༨

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་བཀའ་ཆོས་གནང་བ་དང་། སྐུ་མདུན་གྱི་ཕྱག་ཟུང་ཞེས་པའི་རི་མོའི་འགྲེམ་སྟོན། ཨ་རིའི་ཕྱི་སྲིད་དང་རྒྱལ་སྲུང་དྲུང་ཆེ་རྣམ་གཉིས་དཀྱིལ་ཤར་དུ་ཕེབས་པ། ཨ་རིའི་རྒྱལ་སྲུང་ལས་ཁང་ལ་༩།༡༡ ཉིན་གཏོར་རྒོལ་ཕོག་པ་ཕྱིར་དྲན་བྱས་པ་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་མདོ་སྨད་ལོ་རྒྱུས་ཆེན་མོའི་རྩོམ་པ་པོ་ཧོར་གཙང་འཇིགས་མེད་ལགས་ལ་ཨ་ལགས་བསེ་ཚང་གི་སྐུ་ཚེའི་མཛད་འཕྲིན་ཐད་བཅར་འདྲི་ཞུས་པ་དང་། ངག་དབང་བསྟན་འཛིན་ལགས་ཀྱིས་ལོ་ངོ་ཉི་ཤུའི་སྔོན་ལ་ནེའུ་ཡོག་ཏུ་འཇིགས་སྐུལ་གཏོར་རྒོལ་བྱུང་བ་མིག་མཐོང་ལག་ཟིན་བྱུང་མཁན་གྱི་བོད་པ་གསུམ་ལ་སྐབས་དེའི་གནས་ཚུལ་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG