TV Schedule

ཀུན་གླེང་། ༢༠༢༢ ལོའི་ཟླ་༧ ཚེས་༨
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཉི་ཧོང་གི་སྲིད་བློན་ཟུར་པ་འདས་གྲོངས་ཕྱིན་པར་ཐུགས་གསོ་དང་། ༧གོང་ས་མཆོག་གིས་བདེ་མཆོག་ལཱུ་ཨི་པའི་བཀའ་དབང་སྩལ་བ། དབྱིན་ཇིའི་སྲིད་བློན་གྱི་དགོངས་ཞུ། ཨིན་རྡུ་ནེ་ཤེ་ཡའི་འཚོག་བཞིན་པའི་ཚོགས་པ་ཉི་ཤུའི་ཚོགས་ཆེན། ཨ་རིའི་སྲིད་འཛིན་དཀྱིལ་ཤར་ཁུལ་ལ་ཕེབས་འཆར་སོགས་ཡོད། དེ་རིང་གི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་དགུང་ལོ་༥༠ བརྒལ་བའི་སྨན་པ་མུ་ར་མཁས་གྲུབ་ལགས་ངོ་སྤྲོད་བྱས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་འབྲེལ་ཡོད་མི་སྣ་དང་ལྷན་ཆབ་སྲིད་བཙོན་ཟུར་བླ་བྲང་འཇིགས་མེད་ལགས་སྐུ་གྲོངས་པའི་རྒྱུ་རྐྱེན་དང་ཁོང་འཛིན་བཟུང་བྱེད་པའི་རྒྱུད་རིམ། ཡང་རྒྱ་ནག་གི་ཉེན་རྟོག་པས་ཁོང་གཙོས་པའི་བོད་མི་ཚོར་མནར་གཅོད་བཏང་བའི་གོ་རིམ་རྣམས་ཕྱི་བསྒྲགས་ཀྱི་བརྙན་དེ་ཐོག་མ་ཨ་རིའི་རླུང་འཕྲིན་ལ་ཇི་ལྟར་འབྱོར་བ་ལ་སོགས་པའི་སྐོར་ལ་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།