ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༥/༠༦/༠༩

TV Schedule

༢༢:༠༠ - ༢༣:༠༠

ཀུན་གླེང་། ༢༠༢༣ ལོའི་ཟླ་༡༢ ཚེས་༨

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རི་དང་དབྱིན་ཇིས་ཡུག་ཀེ་རེན་ལ་རོགས་སྐྱོར་གྱི་འབོད་སྐུལ་བྱས་པ་དང་། པུ་ཊིན་གྱིས་གློ་བུར་དུ་ཨ་རབ་རྒྱལ་ཁབ་ཁག་ལ་འཚམས་གཟིགས། ཨི་སི་རལ་དང་པ་ལི་སི་ཐན་གྱིས་ཕན་ཚུན་དམག་འཁྲུག་ནག་ཉེས་བསགས་པའི་ཁྲིམས་གཏུག ཁོར་ཡུག་ཚོགས་ཆེན། ཨ་རིའི་གདོད་མའི་མི་རིགས་ཀྱི་གནས་སྟངས་སོགས་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་བོད་དང་ཧི་མ་ལ་ཡའི་འབྲེལ་ལམ་ཉམས་ཞིབ་པ་བྱེ་གཞོང་ཚེ་དབང་རྡོ་རྗེ་དང་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་གི་རྣམ་རྒྱལ་ཤེས་རིག་ཉམས་ཞིབ་ཁང་གི་བོད་ཡིག་ཉམས་ཞིབ་འགན་འཛིན་ཨཱཙཱརྱ་ཚུལ་ཁྲིམས་རྒྱ་མཚོ་གཉིས་གདན་འདྲེན་ཞུས་ནས་༧གོང་ས་མཆོག་འབྲས་ལྗོངས་སུ་ཆིབས་སྒྱུར་བསྐྱང་གི་ཡོད་པའི་མཛད་འཆར་ཁག་དང་འབྲས་ལྗོངས་ཀྱི་བྱུང་རབས། བོད་དང་འབྲས་ལྗོངས་ཀྱི་ཆོས་རིག་གི་འབྲེལ་བའི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG