ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༥/༠༧/༡༤

TV Schedule

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༡༢ ཚེས་༨

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་རེ་བ་དང་སྙིང་སྟོབས། བྱམས་བརྩེ་བཅས་དང་དུ་ལེན་པའི་ཐད་བཀའ་སློབ་བསྩལ་བ་དང་། སྲིད་འཛིན་བྷ་ཌན་དང་པུ་ཊིན་གཉིས་ཀྱི་དྲྭ་ལམ་མཇལ་འཕྲད་གྲོས་མོལ། ཨ་རིའི་གཞུང་གིས་པེ་ཅིང་ཨོ་ལིམ་པིག་ལ་ཕྱི་འབྲེལ་མི་སྣ་མངགས་གཏོང་བྱ་རྒྱུ་མིན་པ། འཚོག་འཆར་ཡོད་པའི་དམངས་གཙོའི་ཚོགས་ཆེན་སོགས་ཡོད། ཀུན་གླེང་ལས་རིམ་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་གཞུང་གི་གདོང་རིས་ངོ་མ་གསལ་སྟོན་ཡོང་ཆེད་དུ་རྒྱ་ནག་དམར་ཤོག་ཚོགས་པའི་བརྡ་དོན་གནད་འགྲེལ་ཞེས་པའི་དྲྭ་ཚིགས་ཤིག་སྒོ་འབྱེད་བྱས་ཡོད་པའི་ཐད་བགྲོ་གླེང་ཞུས་ཡོད་པ་དང་། སྟོན་པའི་ཞབས་རྗེས་ཀྱི་ལས་རིམ་ནང་སངས་རྒྱས་མྱ་ངན་ལས་འདས་ཡུལ་རྩྭ་མཆོག་གྲོང་དང་། སངས་རྒྱས་ཀྱིས་ཆོས་འཁོར་མཐའ་མ་བསྐོར་སའི་ཡུལ་ཡངས་པ་ཅན་ངོ་སྤྲོད་བྱས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG