ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༥/༠༧/༡༩

TV Schedule

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༡༠ ཚེས་༨

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་རྣམ་པས་ཚོགས་གཙོ་ཚོགས་གཞོན་འདེམས་ཐོན། ༧གོང་ས་མཆོག་གིས་ཡེ་ཤུའི་བླ་ཆེན་ཊུ་ཊུ་ཡི་འཁྲུངས་སྐར་བསུས་པ། རྒྱ་ནག་གིས་ནང་ཆོས་འཆད་ཁྲིད་ཀྱང་རྒྱ་སྐད་ནང་བྱེད་དགོས་པའི་སྲིད་ཇུས་སྤེལ་བཞིན་པ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཚུགས་ནས་ལོ་༥༠ འཁོར་བ་སོགས་ཡོད། དྲ་སྣང་གི་བོད་དུ་ཨ་རིའི་རླུང་འཕྲིན་ཁང་གི་རྒྱང་སྒྲོག་ལས་རིམ་བལ་ཡུལ་གྱི་རླུང་འཕྲིན་ཁང་བརྒྱུད་ནས་ཧི་མ་ལ་ཡ་རི་རྒྱུད་དུ་རྒྱང་སྲིང་བྱེད་བཞིན་པ་དང་། སློབ་གྲྭར་བོད་ཀྱི་རྒྱལ་དར་དགོས་པའི་དགོས་འདུན་འདོན་མཁན་བུ་མོ་ཆུང་ཆུང་ཞིག་གི་ལས་འགུལ་སོགས་ཡོད། ཀུན་གླེང་དུ་རྡོ་རྗེ་ཚེ་བརྟན་གྱིས་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་དང་། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་རྣམ་གཉིས་ལ་འཛམ་གླིང་གི་གནམ་གཤིས་ཚོགས་ཆེན་དང་བོད་ཀྱི་ཁོར་ཡུག་ཐད་བགྲོ་གླེང་ཞུས་ཡོད། ཚེ་རིང་དབང་མོས་བོད་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲ་ཤིས་ལ་རྒྱ་ནག་དམར་ཤོག་གི་མཐོ་རིམ་དཔོན་པོ་གཉིས་ལ་ཉེས་ཆད་ཕོག་པའི་ཕུགས་དོནཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG