TV Schedule

ཀུན་གླེང་། ༢༠༢༢ ལོའི་ཟླ་༩ ཚེས་༧
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་བཞུགས་སྒར་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་། བོད་མི་མང་སྤྱི་འཐུས་ཚོགས་འདུ་དབུ་འཛུགས། བོད་དཀར་མཛེས་ཕྱོགས་ཀྱི་ས་ཡོམ་དང་བོད་མིའི་སྒྲིག་འཛུགས་ཀྱི་གདུང་སེམས་མཉམ་སྐྱེད། དབྱིན་ཇིའི་སྲིད་བློན་གསར་པ། རྒྱ་ནག་གི་རིམས་ནད་དམ་དྲག་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ལ་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ཉེ་ཆར་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་ཕེབས་སྐྱོད་གནང་བའི་གྲུབ་དོན་དང་ཡུ་རོབ་ནང་གི་བོད་དོན་འཐབ་བྱུས་ཐད་བགྲོ་གླེང་ཞུ་རྒྱུ་ཡིན། དེ་བཞིན་དུ་རྒྱལ་ཚོགས་ཀྱི་ལས་ཁུངས་སྣ་མང་ལ་ལོ་མང་འབྲེལ་གཏུག་བྱས་མྱོང་བའི་བཀྲས་མཐོང་དབང་པོ་ལགས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་ཡུ་གུར་མི་རིགས་ཀྱི་གནས་བབ་ཐད་སྙན་ཐོ་ཞིག་བཏོན་པ་དེའི་གསལ་གནད་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།