ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༥/༠༧/༢༡

TV Schedule

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༧ ཚེས་༧

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་འཁྲུངས་སྐར་གསུང་འཕྲིན་སྩལ་བ་དང་། འཛམ་གླིང་འགོ་ཁྲིད་མང་པོས་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ། བོད་མིའི་སྒྲིག་འཛུགས་ཀྱིས་འཁྲུངས་སྐར་སྲུང་བརྩི། འཕྲོད་བསྟེན་དང་སྨན་བཅོས་ཁྲོད་ཀྱི་བྱམས་བརྩེའི་བགྲོ་གླེང་། ཧོང་ཀོང་དུ་སློབ་ཕྲུག་འཛིན་བཟུང་བྱས་པ་སོགས་ཡོད།། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ལ་༧གོང་ས་མཆོག་གི་ཆོས་ལུགས་ལས་བརྒལ་བའི་དགོངས་བཞེད་དང་ཤུགས་རྐྱེན་ཐད་བགྲོ་གླེང་ཞུས་པ་དང་། བསོད་ནམས་གཡང་འཛོམས་ལགས་ཀྱིས་འབྲས་སྤུངས་སྒོ་མང་གི་མཁན་རིན་པོ་ཆེ་དགེ་བཤེས་བློ་བཟང་རྒྱལ་མཚན་ལགས་དང་། ལ་དྭགས་སེམས་བསྐྱེད་ཚོགས་པའི་ཚུལ་ཁྲིམས་བཟང་པོ་ལགས་གཉིས་དང་ལྷན་སྐུའི་འཁྲུངས་སྐར་དང་བསྟུན་མཁས་པའི་བགྲོ་གླེང་འཚོགས་པའི་ཐད་བཅར་འདྲི་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG