ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༥/༠༧/༡༧

TV Schedule

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༤ ཚེས་༧

ཨ་རིའི་རླུང་འཕྲིན་ཁང་གི་ཐེངས་འདིའི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་བདེན་བཞི་བདེན་གཉིས་ཀྱི་ཆོས་འབྲེལ་བསྐྱངས་པ་དང་། ཨི་རན་གྱི་རྡུལ་ཕྲན་གྲོས་མོལ། འབར་མའི་ནང་གི་ངོ་རྒོལ། འོས་བསྡུ་སླེབས་ལ་ཉེ་བའི་སྐབས་འདིར་འཆལ་གཏམ་ཁྱབ་བཞིན་པ། དེ་བཞིན་རྩོམ་པ་པོ་སྒོ་ཤེར་རྒྱ་ནག་གཞུང་གིས་བཀག་ཉར་བྱས་པ་སོགས་ཡོད། ཐེངས་འདིའི་ཀུན་གླེང་ལས་རིམ་དུ་བསྟན་འཛིན་བཟང་མོ་ལགས་ཀྱིས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་ཚེ་བརྟན་ནོར་བུ་ལགས་དང་། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་ཉི་མའི་གསར་ཁང་གི་རྩོམ་སྒྲིག་པ་དང་གསར་འགོད་པ་གཅིག་ལྕོགས་བློ་བཟང་དབང་རྒྱལ་ལགས། དེ་བཞིན་ཨ་རིའི་ Pennsylvania གཙུག་ལག་སློབ་གཉེར་ཁང་དུ་མི་རིགས་རིང་ལུགས་ཀྱི་འབུམ་རམས་པའི་སློབ་གཉེར་གནང་བཞིན་པ་ཨོ་རྒྱན་ཆོས་གྲུབ་ལགས་དང་ལྷན་འོས་བསྡུ་དང་འབྲེལ་ནས་བཙན་བྱོལ་བོད་མིའི་མང་གཙོའི་སྒྲོམ་གཞི་མདུན་སྐྱོད་དང་ལེགས་བཅོས་ཀྱི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG