ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༥/༠༦/༢༩

TV Schedule

༢༢:༠༠ - ༢༣:༠༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༡༠ ཚེས་༧

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཚོགས་པ་གསུམ་ལ་འབུལ་གཏན་འཁེལ་བ་དང་། ༧གོང་ས་མཆོག་གིས་བལ་ཡུལ་གྱི་སློབ་ཕྲུག་ཁག་ཅིག་ལ་མཇལ་ཁ། ལྷ་ས་རུ་དམ་དྲག་བྱས་ནས་ཟླ་གཉིས་འཁོར་གྲབས་ཡོད་པ། ཡུག་ཀེ་རན་དམག་འཁྲུག་ཁྲོད་ཀྱི་རྡུལ་ཕྲན་ཉེན་ཁ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་བོད་ཡིག་གི་གློག་བརྙན་དྲ་ཚིགས་པྲ་དྲ། བྱེས་ཀྱི་གདན་ས་འབྲས་སྤུངས་སྒོ་མང་གྲྭ་ཚང་གིས་བཟོས་པའི་གཞུང་ཆེན་དཔེ་ཁྲིད་ཀྱི་སྒྲ་སྒམ་ཁ་པར་བཀོལ་ཆས་སོགས་ཡོད། ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་མུ་མཐུད་དུ་ཆབ་སྲིད་བཙོན་པ་ཡེ་ཤེས་རྟོགས་ལྡན་ལགས་༡༩༨༩ ཟླ་༣ ཚེས་༥ ནས་༧ བར་གྱི་ལྷ་སའི་མི་མང་གི་ཞི་རྒོལ་ནང་མཉམ་ཞུགས་བྱས་པ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་ཡོད། ཀུན་གླེང་ལས་རིམ་དུ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་གི་ངོ་བོ་དང་དགོས་པ། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་གི་རྒྱུད་རིམ་སོགས་ལ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཚོགས་པ་དེའི་ཚོགས་གཙོ་དཔལ་ལྡན་དོན་གྲུབ་དང་འགན་འཛིན་བསྟན་འཛིན་རིན་ཆེན་རྣམ་གཉིས་གདན་འདྲེན་ཞུས་ནས་བཅར་འདྲི་ཞུས་ཡོད།།

XS
SM
MD
LG