ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༥/༠༧/༡༢

TV Schedule

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༡ ཚེས་༧

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གཞུང་ཆེན་བཀའ་པོད་ལྔ་དང་གསང་སྔགས་རྡོ་རྗེ་ཐེག་པ་བཅས་ཀྱི་ཐོག་བགྲོ་གླེང་ལ་དབུ་བཞུགས་གནང་བ་དང་། ཨ་རིར་གྲོས་ཚོགས་སུ་དཔུང་འཛུལ་དུས་དྲན་སྲུང་བརྩི། དྷ་ས་ཁུལ་གྱི་ཏོག་ནད་ཁྱབ་ཚད་དང་གནས་སྟངས། ཨ་རིས་ཏོག་ནད་སྨན་རིལ་ཉོ་སྒྲུབ་ཀྱི་ཚད་ལྡབ་འགྱུར། ཁ་ཛ་ཀི་སི་ཐན་གྱི་གནས་སྟངས་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་སྒོ་ཤེས་རབ་རྒྱ་མཚོ་ཞེས་པའི་དབྱིན་ཡིག་དྲ་ཚིགས་དང་། ཁྱི་ཚོང་རྒྱག་མཁན་ཚོས་བོད་ཀྱི་འབྲོག་ཁྱི་བཙན་འཕྲོག་བྱེད་བཞིན་པར་བོད་མི་ཚོས་ཞུ་གཏུགས་བྱེད་བཞིན་པ། སཱི་ཤེས་ཡོན་སློབ་ཁྲིད་ལ་རིན་མེད་ཟབ་སྦྱོང་། བསྟན་འཛིན་དབང་ཕྱུག་གི་ཆབ་སྲིད་དཔྱད་བརྗོད་རྒྱུད་ལམ་བཅས་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཇཱོན་སི་ཧོབ་ཀིན་སི་སློབ་གྲྭ་ཆེན་མོའི་སློབ་དཔོན་སྨན་པ་དཀོན་མཆོག་རྡོ་རྗེ་ལགས་ལ་འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་ཁྱབ་ནས་ལོ་གཉིས་འགྲོ་བཞིན་པའི་སྐབས་འདིར་སླར་ཡང་ཨོ་མི་ཁོ་རོན་ཞེས་འབོད་པའི་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་གསར་པ་ཞིག་ཁྱབ་ཀྱི་ཡོད་འདིའི་ཉེན་ཚབས་དང་སྔོན་འགོག་བྱེད་ཕྱོགས་བཅས་ཀྱི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG