ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༥/༠༧/༢༢

TV Schedule

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༨ ཚེས་༤

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་བོད་ཕྲུག་༢༧ ལ་སྲིད་སྐྱོང་གཟེངས་རྟགས་ཐོབ་པ་དང་། པེ་ཅིང་ཨོ་ལིམ་པིག་ལ་ངོ་རྒོལ། ཞི་བདེ་རྒྱ་མཚོའི་ནང་རྒྱ་ནག་གི་ཉ་བའི་ཁྲིམས་མེད་ལུགས་མེད་ལ་དོ་སྣང་། ཏོག་ནད་ཁྱབ་ཚད། ཨ་རིའི་རྒྱལ་སྲུང་ལས་ཁང་གིས་ཐེ་ཝན་ལ་མཚོན་ཆ་བཙོང་རྒྱུར་ཆོག་མཆན་བཀོད་པ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་ནེའུ་ཡོག་ཏུ་སྟོན་འཆར་ཡོད་པའི་ཁོང་དང་བློ་ཡི་གཏེར་ཞེས་པའི་བོད་པའི་གློག་བརྙན། ཨ་རིའི་དུས་དེབ་གྲགས་ཅན་ཞིག་གི་སྟེང་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ངོ་སྤྲོད་བྱས་པ། བྱིས་པའི་ཕོ་བྲང་ངོ་སྤྲོད་སོགས་ཡོད། ཀུན་གླེང་ལས་རིམ་དུ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG