TV Schedule
༢༢:༠༠ - ༢༣:༠༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༧ ཚེས་༦
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་དང་། དཔེ་མཛོད་ཡིག་ཚགས་ཁང་གསར་པ་ཞིག་དབུ་འབྱེད། ཆབ་སྲིད་བཙོན་ཟུར་འཇིགས་མེད་རྒྱ་མཚོ་ལགས་འདས་གྲོངས། ཡུག་ཀེ་རན་ནང་གི་དམག་འཁྲུག ཨ་རིའི་རྒྱལ་སྟོན་དུས་ཆེན་སོགས་ཡོད།། ཀུན་གླེང་ལས་རིམ་དུ་རྣམ་རྒྱལ་ཤཱསྟྲི་ལགས་ཀྱིས་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ནས་བཙན་བྱོལ་བོད་མི་ཚོས་༧གོང་ས་མཆོག་གི་མཛད་འཕྲིན་དྲན་པའི་སྒོ་ནས་བཀའ་དྲིན་རྗེས་དྲན་ཞུ་དགོས་པའི་གལ་ཆེའི་རང་བཞིན་དང་། ༧གོང་ས་མཆོག་མཇལ་མྱོང་མེད་པའི་བོད་ནང་འཚར་ལོངས་བྱུང་བའི་མི་རབས་གསར་པ་ཚོས་༧གོང་ས་མཆོག་ལ་དད་དམ་གཡོ་མེད་ཇི་ལྟར་ཞུ་ཡི་ཡོད་པ་བཅས་ཀྱི་སྐོར་ལ་གླེང་མོལ་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།