ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༥/༠༦/༡༥

TV Schedule

༢༢:༠༠ - ༢༣:༠༠

ཀུན་གླེང་། ༢༠༢༣ ལོའི་ཟླ་༡༠ ཚེས་༦

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་སྲིད་འཛིན་གྱིས་ཡུག་ཀེ་རན་ལ་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ནན་བརྗོད་གནང་སྐོར་དང་། ཡུག་ཀེ་རན་ལ་འབར་མདེལ་འདང་ངེས་མེད་པ། འབྲས་ལྗོངས་སུ་ཆུ་ལོག་གོད་ཆག་ཕོག་པ་རྣམས་ལ་ཐུགས་གསོ། ཨུ་རུ་སུའི་རྡོ་རྗེ་ཕ་ལམ་བཀག་སྡོམ། རྒྱ་ནག་ཁང་ཚོང་ཉམས་ཉེས་ཀྱིས་མ་ལེ་ཤི་ཡའི་ལས་གཞིར་ཤུགས་རྐྱེན་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་རྒྱའི་དྲ་མང་གིས་ཚེ་དབང་ནོར་བུ་ལགས་གླེང་བ་དང་། བོད་རྒྱའི་ཡིག་བསྒྱུར་གྱི་སྐད་འཕྲིན་བཀོལ་ཆས། སྐུའི་ཡང་སྲིད་སྐོར་གྱི་བོད་རྩོམ། དབྱིན་ཡིག་དགེ་རྒན་སྐྱིད་འཛོམས་ལགས་ཀྱི་སྐོར་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཐོག་མར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒོལ་མཆོང་ལས་འགུལ་ཞེས་པའི་བོད་ཀྱི་གཞོན་ནུ་རྣམས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་བའི་ཐད་ཀྱི་དངོས་བྱུང་གློག་བརྙན་ཞིག་གཟིགས་འབུལ་ཞུ་རྒྱུ་ཡིན། དེ་ནས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་འདི་གའི་རྩོམ་སྒྲིག་པ་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་རྣམ་རྒྱལ་ཤསྟྲི་གདན་འདྲེན་ཞུས་ནས་གཞོན་ནུ་ལྷན་ཚོགས་ཀྱི་ལྟ་བ་དང་བོད་དོན་འཐབ་རྩོད་ཀྱི་གྲུབ་འབྲས་སོགས་ལ་བགྲོ་གླེང་ཞུ་རྒྱུ་ཡིན།

XS
SM
MD
LG