ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༥/༠༧/༡༩

TV Schedule

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༡༠ ཚེས་༦

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་འཛུགས་སྐྲུན་ཁྲིམས་འཆར་གྱི་དཀའ་ངལ་དང་དྲིལ་སྒྲོག འཛམ་གླིང་གི་འགོ་ཁྲིད་མང་པོ་ཞིག་གི་གསང་བའི་རྒྱུ་ནོར། རྒྱ་ནག་གིས་བཟོས་པའི་ལག་ཁྱེར་ཁ་པར་འགོག་རྒོལ། གྷན་དིའི་འཁྲུངས་སྐར་སྲུང་བརྩི། རྒྱ་ནག་གིས་ཐེ་ཝན་གྱི་མཁའ་དབྱིངས་ལ་དཔུང་འཛུལ་བྱས་པ་སོགས་ཡོད། ཀུན་གླེང་ལས་རིམ་དུ་བསོད་ནམས་གཡང་འཛོམས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལ་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གི་བོད་འབྲེལ་རྒྱབ་ཤ་དཀར་པོའི་ཡིག་ཆར་ལན་འདེབས་བྱས་པའི་ཐད་བཅར་འདྲི་ཞུས་པ་དང་། ཚེ་རིང་སྐྱིད་ཀྱིས་ཡུ་རོབ་ཀྱི་ཧི་མ་ལ་ཡའི་ཇ་ཁང་གི་བདག་པོ་རི་དགའ་ལ་ཇ་ཁང་དེའི་མཚོན་དོན་དང་ཉེན་སྐྱོབ་ལས་དོན་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG