TV Schedule
༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༡༡ ཚེས་༥
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་མདོ་སྡེ་རྒྱན་གྱི་གསུང་ཆོས་སྩལ་བ་དང་། གནམ་གཤིས་ཚོགས་ཆེན་སྟེང་གི་ཨ་རི་དང་རྒྱ་ནག ཨེ་ཧྥེའོ་པི་ཡའི་ཛ་དྲག་གནས་སྟངས། གཟའ་མིག་དམར་ཉིན་གྱི་ཨ་རིའི་འོས་བསྡུར་དཔྱད་ཞིབ། བསྟན་འཛིན་བརྩོན་འགྲུས་ཀྱི་ཧི་མ་ལ་ཡའི་གོམ་བགྲོད། སུད་སིའི་ནང་གི་སྲིད་སྐྱོང་གི་ལས་རིམ་སོགས་ཡོད། ཀུན་གླེང་ལས་རིམ་དུ་བསོད་ནམས་གཡང་འཛོམས་ཀྱིས་གྷི་ལཱ་སི་གོ་ན་བོད་ཀྱི་ཁོར་ཡུག་གནད་དོན་ཐད་ལས་འགུལ་སྤེལ་བཞིན་པའི་བདེ་ཆེན་དཔལ་མོ་ལ་བཅར་འདྲི་ཞུས་ཡོད་པ་དང་། དེ་བཞིན་དུ་ཚེ་རིང་དབང་མོས་ཡུ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བཀྲས་མཐོང་བསྟན་འཛིན་དབང་པོ་ལ་ལེགས་པར་གྲུབ་པའི་ཇི་ཎི་ཝ་བོད་དོན་གླེང་སྟེགས་ཐེངས་བཞི་པའི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།