TV Schedule
༢༢:༠༠ - ༢༣:༠༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༡༠ ཚེས་༥
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གི་ཐེངས་འདིའི་ཉིན་གསུམ་རིང་གི་ཚད་མ་རྣམ་འགྲེལ་གྱི་གསུང་ཆོས་ལེགས་པར་གྲུབ་པ་དང་། རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཉིན་གྱི་ངོ་རྒོལ། བདེ་ལེགས་སྨན་ཁང་ཚུགས་ནས་ལོ་༥༠ འཁོར་བ། ཡུག་ཀེ་རན་གྱི་དམག་འཁྲུག་དང་། བྷར་ཛིལ་གྱི་འོས་བསྡུ་སོགས་ཡོད། ཀུན་གླེང་ལས་རིམ་དུ་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ལ་ཉི་ཧོང་གི་ཕྱོགས་ཕེབས་ལས་འཕྲོས་ཏེ་བོད་དང་ཉི་ཧོང་བར་གྱི་འབྲེལ་ལམ་ཐད་བཅར་འདྲི་ཞུས་ཡོད། དེ་བཞིན་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ལ་ཁ་སང་སུད་སིའི་གྲོང་ཁྱེར་ཇཱེ་ནེ་ཝ་རུ་འཚོགས་པའི་སྐུའི་ཡང་སྲིད་དང་། བོད་ནང་གི་ཆོས་དད་རང་མོས། འཛམ་གླིང་ཤུགས་རྐྱེན་ཐད་ཀྱི་བགྲོ་གླེང་ཞིག་འཚོགས་པའི་ཐད་བཅར་འདྲི་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།