ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༥/༠༧/༡༣

TV Schedule

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༡ ཚེས་༥

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཕྱི་ཟླ་དང་པོའི་ཚེས་༦ ཉིན་ཨ་རིའི་གྲོས་ཚོགས་སུ་དཔུང་འཇུག་བྱས་པའི་དོན་རྐྱེན་དང་། འཛམ་གླིང་ཡོངས་སུ་ཏོག་ནད་ཁྱབ་ཚད། རྒྱ་གར་དུ་ན་གཞོན་རྣམས་ལ་འགོག་ཁབ་རྒྱག་འགོ་ཚུགས་པ། ཧོང་ཀོང་དུ་གསར་ཁང་སྒོ་རྒྱག་དང་དམ་དྲག པེ་ཅིང་ཨོ་རྩེད་ལ་ཉིན་གཅིག་དུས་གཅིག་གི་ངོ་རྒོལ། གསར་འགྱུར་ཕྱོགས་བསྡུས་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོ་ལགས་ཀྱིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ལ་༢༠༢༡།༡།༦ ཉིན་སྲིད་འཛིན་ཟུར་པ་ཊམ་གྱི་རྒྱབ་སྐྱོར་བ་ཚོས་སྲིད་འཛིན་འོས་འདེམས་དྲང་བདེན་ཞིག་བྱུང་མ་སོང་ཞེས་གྲོས་ཚོགས་ཁང་ལ་དཔུང་འཛུལ་བྱས་ནས་དྲག་ཟིང་བསླངས་པའི་འབྱུང་རྐྱེན་དང་ཤུགས་རྐྱེན་ཐད་བགྲོ་གླེང་ཞུས་ཡོད། དེ་བཞིན་དུ་ཚེ་རིང་སྐྱིད་ལགས་ཀྱིས་ནེའུ་ཡོག་ཏུ་གནས་སྡོད་ཁྲིམས་རྩོད་པ་བསྟན་འཛིན་དབང་རྒྱལ་ལགས་ལ་ནེའུ་ཡོག་མངའ་སྡེའི་མི་འབོར་ཞིབ་བཤེར་གྱི་གཞུང་འབྲེལ་ཡིག་ཆའི་ཨེ་ཤི་ཡའི་མི་རིགས་ཁོངས་སུ་བོད་པ་དང་ཐེ་ཝན་པ་ཞེས་ཁ་སྣོན་གྱིས་ལོགས་སུ་འདེམས་ཆོག་པའི་ཁྲིམས་ཡིག་གཏན་འབེབས་བྱུང་ཡོད་པའི་དགེ་མཚན་དང་ཤུགས་རྐྱེན་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད།།

XS
SM
MD
LG