TV Schedule

ཀུན་གླེང་། ༢༠༢༡ ལོའི་ཟླ་༦ ཚེས་༤
ཨ་རིའི་རླུང་འཕྲིན་ཁང་གི་ཐེངས་འདིའི་ཀུན་གླེང་གསར་འགྱུར་ནང་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་དྲ་ལམ་བརྒྱུད་༧གོང་ས་མཆོག་ལ་ལས་འཆར་སྙན་སེང་ཞུས་པ་དང་། རྒྱ་གར་ལྷོ་ཕྱོགས་སུ་དགོན་སྡེ་ཁག་གིས་ཏོག་ནད་འགོག་ཁབ་ཀྱི་སྨན་སྦྱིན་གནང་བཞིན་པ། ཨ་རིའི་འགོག་ཁབ་ཀྱི་ཞལ་འདེབས་དང་ཕྱི་སྲིད་དྲུང་ཆེའི་ཕྱོགས་སྐྱོད། ལྷ་སའི་བརྙན་གསར་སོགས་ཡོད།། དེ་རིང་གི་དྲ་སྣང་གི་བོད་དུ་ན་གཞོན་གསར་པ་ཞུ་བའི་དྲ་ཚིགས་སྒོ་བརྒྱབ་པ་དང་། རྒྱ་ནག་གི་རྒྱབ་ཤ་དཀར་པོ་ལས་འཕྲོས་པའི་བོད་དོན་རྫུན་གཏམ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཞོན་སྐྱེས་འགོ་ཁྲིད་ཟབ་སྦྱོང་སོགས་ཡོད། ཐེངས་འདིའི་ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་མཁན་པོ་འཇིགས་མེད་རྣམ་རྒྱལ་ལགས་དང་ལྷན་སྟོན་པའི་འཁྲུངས་སྐར་གཅིག་གྱུར་འབྱུང་ཐབས་ཐད་བགྲོ་གླེང་ཞུས་པ་དང་། ཚེ་རིང་དབང་མོ་ལགས་ཀྱིས་དྲུག་བཞིའི་དོན་རྐྱེན་དང་ཧོང་ཀོང་གི་གནས་བབ་ཐད་བོད་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་ལ་བཅར་འདྲི་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།