ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༧/༡༡

TV Schedule

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༢ ཚེས་༤

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་པེ་ཅིང་ཨོ་རྩེད་འགོ་འཛུག་ཁར་ཨ་རིའི་གྲོས་ཚོགས་སུ་རྒྱ་ནག་ཐད་ཉན་ཞིབ་དང་། རྒྱ་གར་དུ་པེ་ཅིང་ཨོ་རྩེད་ལ་ངོ་རྒོལ། ཨོ་རྩེད་ཐོག་གི་གསར་འགོད་པའི་དཀའ་ངལ། ཉི་ཧོང་གྲོས་ཚོགས་སུ་རྒྱ་ནག་ལ་སྐྱོན་བརྗོད། ཨ་རི་དང་ཨུ་རུ་སུའི་དམག་དཔུང་བཀོད་གཤོམ། ཨ་རིས་ལི་ཐུ་ཝེ་ཎི་ཡར་རྒྱབ་སྐྱོར་བྱེད་པ་སོགས་ཡོད། དྲ་སྣང་གི་བོད་དུ་ལོ་ཐོའི་ཁ་པར་བཀོལ་ཆས་དང་དྲ་ལམ་གྱི་བོད་ཟས་ཚོང་ཁང་ངོ་སྤྲོད། ཨ་རིའི་སློབ་ཆེན་ཞིག་ཏུ་བོད་འབྲེལ་གནས་ཚུལ་ཞིག་བྱུང་བ། གྲྭ་བཙུན་ཚོས་དྲ་ལམ་ནས་ཐད་གཏོང་བྱེད་འོས་མིན་བཅས་འདུས་ཡོད། ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོ་ལགས་ཀྱིས་འདི་ག་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་དབང་ཕྱུག་ལགས་ལ་ཡུག་ཀེ་རན་གྱི་གནས་སྟངས་ཐད་ཨུ་རུ་སུ་དང་། ཨ་རི། ནུབ་ཆིངས་སྒྲིག་འཛུགས། རྒྱ་ནག་སོགས་ཀྱིས་ལྟ་ཚུལ་ག་འདྲ་བཅངས་ཡོད་པ་དང་། ཨུ་རུ་སུ་དང་ཡུག་ཀེ་རན་གྱི་ལོ་རྒྱུས་འབྲེལ་ལམ་བཅས་ཀྱི་ཐད་བགྲོ་གླེང་ཞུས་ཡོད། དེ་བཞིན་དུ་ཕྱི་ལོ་༡༩༡༩ ལོར་རང་བཙན་ཐོབ་པའི་རྒྱལ་ཕྲན་ཨབ་གྷ་ཎི་སི་ཐན་དེ་འདས་པའི་དུས་རབས་གཅིག་གི་རིང་ཡང་ནས་བསྐྱར་དུ་ཟིང་ཆའི་ནང་འཁོར་ཡོད་པའི་རྒྱུ་རྐྱེན་གསེད་བཀྲོལ་བྱས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG