ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༥/༠༥/༢༠

TV Schedule

༢༢:༠༠ - ༢༣:༠༠

ཀུན་གླེང་། ༢༠༢༤ ལོའི་ཟླ་༥ ཚེས་༣༡

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་སྲིད་འཛིན་ཟུར་པ་ཊམ་ལ་ནག་ཉེས་༣༤ ཕོག་པ་དང་། ཨི་སི་རེལ་གྱིས་པ་ལི་སི་ཐན་ནང་གཏོར་རྒོལ། ཡུ་རོབ་རྒྱལ་ཁབ་གསུམ་གྱིས་པ་ལི་སི་ཐན་རྒྱལ་ཁབ་ངོས་འཛིན་བྱས་པའི་ཤུགས་རྐྱེན། ཧོང་ཀོང་དུ་དམངས་གཙོ་དོན་གཉེར་བར་ཁྲིམས་ཆད། བྱང་ཀོ་རི་ཡ་དང་རྒྱ་ནག་གི་འབྲེལ་ལམ། ཨ་རིའི་༢༠༢༤ ལོའི་འོས་བསྡུ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་རྒྱ་སྐད་ཀྱི་ཁོར་ཡུག་ཏུ་ཨཀྱཱ་རིན་པོ་ཆེ་གླེང་གཞིར་གྱུར་བ་དང་། ༧པཎ་ཆེན་རིན་པོ་ཆེ་རྩད་གཅོད་ཀྱི་ལས་འགུལ་སྤེལ་སྟངས་གསར་པ་སོགས་ཡོད། ཀུན་གླེང་ལས་རིམ་དུ་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྨོན་ལམ་རིག་ནུས་ཀྱི་དམིགས་འབེན་འགན་འཛིན་མོང་བཟའ་བསྟན་འཛིན་བཤེས་གཉེན་ལགས་དང་། གློག་བརྙན་འཁྲབ་གཞུང་རྩོམ་པ་པོ་འཇམ་དབྱངས་ཕུན་ཚོགས་ལགས་རྣམ་གཉིས་གདན་འདྲེན་ཞུས་ནས་བོད་པའི་གཞོན་སྐྱེས་ཚོར་བོད་ཡིག་དཔེ་ཀློག་གི་གོམས་གཤིས་འཇགས་པར་བོད་ཡིག་དཔེ་མཚམས་ཞེས་པ་ཞིག་གོ་སྒྲིག་བྱས་པའི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན།

XS
SM
MD
LG