ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༥/༠༧/༢༢

TV Schedule

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༧ ཚེས་༣༠

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་གར་དུ་༧གོང་ས་མཆོག་གི་སྐུ་ཚབ་དང་མཇལ་འཕྲད་གནང་བ་དང་། ཨ་རི་དང་རྒྱ་གར་གྱི་འབྲེལ་ལམ། དེ་བཞིན་ཨ་རིའི་རྒྱལ་སྲུང་དྲུང་ཆེས་ཨེ་ཤི་ཡའི་ནང་གི་འཚམས་གཟིགས། ཏོག་ནད་ཀྱིས་དབྱིན་ཇིའི་སྒོ་འབྱེད་ལ་འགོག་རྐྱེན། བཙན་བྱོལ་བོད་མིའི་ཁྲོད་ཀྱི་ཏོག་ནད་གནས་སྟངས་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་དགའ་ལྡན་ཕོ་བྲང་གི་ཏར་འཕྲིན་གསར་པ་སྒོ་འབྱེད་དང་། བོད་འབྲེལ་དཔེ་གསར་གྱོན་ཆས། སེར་བྱེས་གྲྭ་ཐོག་སྐད་ཡིག་སློབ་གྲྭ་ངོ་སྤྲོད་སོགས་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཐེ་ཝན་གྱི་འགྱུར་བ་དང་རྒྱ་ནག་གི་བཙན་འཛུལ་གྱི་ཉེན་ཁ། ཨ་རི་དང་ཉི་ཧོང་གིས་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་ལ་འཛིན་པའི་སྲིད་ཇུས་སོགས་ལ་བོད་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་དང་། བོད་གནས་ཉམས་ཞིབ་དང་འགྲོ་བ་མིའི་ཐོབ་ཐང་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་རྣམ་གཉིས་ལ་བཅར་འདྲི་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG