TV Schedule

ཀུན་གླེང་། ༢༠༢༡ ལོའི་ཟླ་༤ ཚེས་༣༠
ཨ་རིའི་རླུང་འཕྲིན་ཁང་གི་ཐེངས་འདིའི་ཀུན་གླེང་གསར་འགྱུར་ནང་སྲིད་འཛིན་བྷ་ཌན་གྱིས་འཛིན་སྐྱོང་གི་ཐོག་མའི་ཉིན་བརྒྱའི་རིང་གི་ལས་བསྡོམས་དང་། རྒྱ་ནག་ལ་འཛིན་པའི་སྲིད་ཇུས། འགྲོ་བ་མིའི་ཐོབ་ཐང་གཙིགས་འཛིན། རྒྱ་གར་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཏོག་ནད་ཀྱི་གནས་སྟངས། དཀྱིལ་ཤར་ས་ཁུལ་གྱི་དྲག་ཟིང་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་༧གོང་ས་མཆོག་གི་སྐུ་པར་དང་སྤྱི་ཚོགས་དྲ་ལམ། ནད་ཡམས་ཁྲོད་དང་བླངས་ཞབས་ཞུ་སྒྲུབ་མཁན། སྒྱུ་རྩལ་པ་ཁ་བསྟན་ལགས་རྗེས་དྲན་བྱེད་བཞིན་པ་སོགས་ངོ་སྤྲོད་བྱས་ཡོད། ཐེངས་འདིའི་ཀུན་གླེང་ལས་རིམ་དུ་ཚེ་རིང་དབང་མོ་ལགས་དང་ཚེ་བརྟན་དབང་ཕྱུག་ལགས་གཉིས་ཀྱིས་ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་གྲོས་ཚོགས་སུ་གནང་བའི་གཏམ་བཤད་ཐོག་མར་དཔྱད་ཞིབ་དང་། ཚེ་རིང་སྐྱིད་ལགས་ཀྱིས་ལྡི་ལིའི་སྐུ་ཚབ་དོན་གཅོད་ཁང་གི་དོན་གྲུབ་རྒྱལ་པོ་ལགས་ལ་ལྡི་ལིའི་ཛ་དྲག་གི་གནས་སྟངས་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།