ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༥/༠༧/༢༠

TV Schedule

༢༢:༠༠ - ༢༣:༠༠

ཀུན་གླེང་། ༢༠༢༢ ལོའི་ཟླ་༡༡ ཚེས་༣༠

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རི་དང་རྒྱ་ནག་འགོ་ཁྲིད་ཀྱི་ཐུག་འཕྲད་དང་རྒྱལ་ཁབ་འབྲེལ་ལམ། སམ་བྷོ་ཊ་བོད་སློབ་ཀྱི་ལོ་འཁོར་འགན་འཛིན་ཚོགས་དུས་༡༥ པ། ཨ་རིས་རྒྱ་ནག་གི་རྔམ་སྟོན་ཁྲོམ་སྐོར་ལ་རྒྱབ་སྐྱོར་ཡོད་པ་བསྟན། རྒྱ་ནག་གི་ས་ཁུལ་མང་པོར་ངོ་རྒོལ་དང་ཉེན་རྟོག་མི་སྣ་འགྲེམ་འཇོག གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ། ཝེ་ཊི་ནེམ་མི་རིགས་ཡིན་པའི་དགེ་བཤེས་ལྷ་རམས་པ་དང་པོ། ཨ་རི་དང་རྒྱ་གར་གཉིས་ཕྱོགས་མང་ནས་མཉམ་འབྲེལ། ཨ་རིས་གང་མགྱོགས་ཡུག་ཀེ་རན་ལ་རོགས་སྐྱོར་འཕར་མ་གནང་འཆར། རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙེ་མཱིན་ཚེ་ལས་འདས་པ། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་བདུན་པ། ཀུན་གླེང་ལས་རིམ་དུ་ཚེ་རིང་སྐྱིད་ལགས་ཀྱིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་བསྟན་འཛིན་ཕན་ཐོགས་ལགས་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས། ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་འགན་འཛིན་ཚེ་བརྟན་དབང་ཕྱུག་བཅས་གདན་འདྲེན་ཞུས་ནས་རྒྱ་ནག་ནང་གི་གཞི་རྒྱ་ཆེ་བའི་ངོ་རྒོལ་དང་དེའི་མཚོན་དོན་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG