ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༥/༠༧/༢༠

TV Schedule

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༩ ཚེས་༣

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་བོད་ཀྱི་མང་གཙོའི་དུས་ཆེན་ཐེངས་༦༡ པ་སྲུང་བརྩི་དང་། མཁས་དབང་བསེ་ཚང་བློ་བཟང་དཔལ་ལྡན་དགོངས་པ་རྫོགས་པ། ཆབ་སྲིད་བཙོན་ཟུར་དོན་གྲུབ་རྡོ་རྗེ་ཚེ་ལས་འདས་པ། ཨབ་གྷ་ཎི་སི་ཐན་དམག་འཁྲུག་མཇུག་སྒྲིལ་བ། ཡུག་ཀི་རན་གྱི་སྲིད་འཛིན་དང་ཨ་རིའི་སྲིད་འཛིན་གཉིས་ཀྱི་མཇལ་མོལ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དཔེ་ཀློག་ཁ་པར་བཀོལ་ཆས་དང་རྒྱ་བོད་གཉེན་སྡེབ། ༧སྐུའི་ཕྱག་དཔེ་ཞིག་གི་ཤུགས་རྐྱེན། རྒྱ་ནག་གིས་དྲིལ་བསྒྲགས་ཆེད་བོད་མི་བེད་སྤྱོད་གཏོང་བཞིན་པར་ངོ་རྒོལ་བྱེད་དགོས་མིན་བཅས་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་། རྩོམ་སྒྲིག་པ་རྣམ་རྒྱལ་ཤསྟྲི་ལགས་རྣམ་གཉིས་དང་ལྷན་ཨ་མི་རི་ཀར་འཇིགས་སྐུལ་རིང་ལུགས་པའི་གཏོར་རྒོལ་ཕོག་ནས་ལོ་༢༠་འཁོར་གྱི་ཡོད་པའི་སྐབས་འདིར་འཇིགས་སྐུལ་རིང་ལུགས་དང་། ཨ་རིས་ལོ་ཉི་ཤུའི་རིང་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱས་པའི་དམག་འཁྲུག་མཇུག་སྒྲིལ། ཨ་རིའི་རྒྱལ་ནང་གི་བདེ་འཇགས་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG