TV Schedule

ཀུན་གླེང་། ༢༠༢༢ ལོའི་ཟླ་༦ ཚེས་༣
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་ཉིན་གཉིས་རིང་བོད་རིགས་གཞོན་སྐྱེས་རྣམས་ལ་གསུང་ཆོས་སྩལ་བ་དང་། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་རྒྱལ་སྤྱིའི་ཆོས་དད་རང་མོས་སྙན་ཐོ་བཏོན་པ། ཡུག་ཀེ་རན་དམག་འཁྲུག་བྱུང་ནས་ཉིན་བརྒྱ་འཁོར་བ། རྒྱ་གར་དང་ཏ་ལི་བྷན། དབྱིན་ཇིའི་རྒྱལ་མོ་ཁྲི་ལ་འཁོད་ནས་ལོ་༧༠ འཁོར་བ་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དྲ་ཚིགས་དང་བཀོལ་ཆས། དགོངས་པ་དར་སྤེལ་གྱི་གློག་བརྙན་དང་དྲ་ཚིགས། བོད་ཀྱི་དངོས་བྱུང་གློག་བརྙན་དྲ་ཚིགས་བཅས་ངོ་སྤྲོད་བྱས་ཡོད། ཐེངས་འདིའི་བོད་ཀྱི་ཆབ་སྲིད་བཙོན་པ་ངོ་སྤྲོད་ལེ་ཚན་ནང་༸གོང་ས་མཆོག་གི་བཀའ་སློབ་དང་། བཀའ་ཟུར་རྒྱ་ལོ་དོན་གྲུབ་ཀྱི་ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ་བཅས་དཔེ་དེབ་ཁ་ཤས་སྤྱི་ཚོགས་དྲ་རྒྱར་སྤེལ་བའི་རྐྱེན་གྱིས་འཛིན་བཟུང་བྱས་པའི་དབང་ཕྱུག་ལགས་ངོ་སྤྲོད་བྱས་ཡོད། ཀུན་གླེང་ལས་རིམ་དུ་བསྟན་འཛིན་ནོར་བཟང་ལགས་ཀྱིས་རྗེ་ཙོང་ཁ་པ་ཆོས་ཚོགས་ཀྱི་ངེས་སྟོན་པ་དགེ་བཤེས་བྱམས་པ་འཕྲིན་ལས་ལགས་སུ་ཨུ་རུ་སུའི་ཁྱབ་ཁོངས་ཀྱི་ནང་པའི་སྤྱི་མཐུན་ས་གནས་ཁག་ཏུ་བོད་བརྒྱུད་ནང་བསྟན་གྱིས་ཞབས་འདེགས་སྒྲུབ་ཕྱོགས་སྐོར་གླེང་མོལ་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།