TV Schedule

ཀུན་གླེང་། ༢༠༢༡ ལོའི་ཟླ་༡༢ ཚེས་༣
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་རྒྱ་ནག་གི་ལོག་བཤད་ཐེར་འདོན་གྱི་དྲི་ཚིགས་གསར་པ་སྒོ་འབྱེད་དང་། རྒྱ་ནག་ཏུ་འཚོག་རྒྱུའི་རྒྱལ་སྤྱིའི་བུད་མེད་ཀྱི་དྲྭ་གྲུག་རྩེད་འགྲན་ངང་འཐེན། ཏོག་དབྱིབས་ནད་དུག་གསར་པར་འཛེམ་ཟོན་བྱེད་དགོས་པའི་ནན་སྐུལ། ཨ་རིའི་ཕྱི་སྲིད་དྲུང་ཆེས་ཨུ་རུ་སུ་ལ་ཉེན་བརྡ། འཛམ་གླིང་ཨེ་འགོག་ཉིན་མོ་སོགས་ཡོད། དྲ་སྣང་གི་བོད་དུ་ཨ་རིའི་རྒྱལ་ཡོངས་ལག་རྩེད་སྤོ་ལོ་རྩེད་མོ་བར་ཐུགས་རྗེ་ལེགས་གསོལ་དང་། ཞེ་ས་སྦྱོང་བའི་བཀོལ་ཆས་དང་བརྡ་སྤྲོད་བཀོལ་ཆས་བཅས་ངོ་སྤྲོད་བྱས་ཡོད། ཀུན་གླེང་ལས་རིམ་དུ་སུད་སི་རྒྱལ་ཁབ་ཏུ་གནས་འཁོད་བོད་པའི་ཚོགས་པ་བཞི་མཉམ་འབྲེལ་གྱིས་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་ཚོགས་ཆུང་གིས་༢༠༢༢་ལོར་པེ་ཅིང་ལ་རྒྱལ་སྤྱིའི་དགུན་དུས་ཀྱི་རྩེད་འགྲན་ཚོགས་འཇུག་རྒྱུ་དང་དཔལ་འབྱོར་མཉམ་འབྲེལ་དང་འཕེལ་རྒྱས་ཚོགས་པའི་ཁེ་སང་བཟོ་མཁན་གྱི་ཚོང་ལས་ཁང་ཚོར་ལམ་སྟོན་བྱས་པ་རྣམས་རྩིས་མེད་བཏང་འདུག་ཅེས་ཞུ་གཏུགས་བྱས་པ་ཡོད་པའི་ཐད་བགྲོ་གླེང་ཞུས་ཡོད་པ་དང་། སྟོན་པའི་ཞབས་རྗེས་ལས་རིམ་ནང་སངས་རྒྱས་ཀྱི་འཁྲུངས་ཡུལ་ལུམྦིའི་ནི་ངོ་སྤྲོད་བྱས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།