TV Schedule
༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༡༡ ཚེས་༣
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་འཛམ་གླིང་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་དང་། ཨ་རིའི་གཞུང་གི་ཁས་ལེན། ༧གོང་ས་མཆོག་གིས་ཚོགས་ཆེན་དེ་ལ་བསྩལ་བའི་གསུང་འཕྲིན། འབྱོར་ལྡན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ས་གནས་འཐུས་ཚོགས་ཐད་ཟབ་སྦྱོང་། ཚེ་རིང་བྱམས་པར་གཟེངས་རྟགས་ཐོབ་པ་སོགས་ཡོད། ཀུན་གླེང་ལས་རིམ་དུ་༡༩༩༠ ལོར་ཨ་རིའི་གྲོས་ཚོགས་ཀྱིས་རྒྱ་གར་དང་བལ་ཡུལ་ནས་བོད་པ་ཆིག་སྟོང་ཨ་རིར་གཞིས་ཆགས་ལེན་རྒྱུར་ཁྲིམས་ཡིག་གཏན་འབེབས་བྱུང་རྗེས། བོད་པ་ཆིག་སྟོང་དང་དེ་དག་གི་ནང་མི་བཅས་ཨ་རིའི་ནང་གཞིས་ཆགས་བྱས་པའི་ཐད། རྣམ་རྒྱལ་ཤསྟྲི་ཡིས་དེ་དུས་ཀྱི་བཀའ་བློན་ཁྲི་པ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་། དེ་དུས་ཀྱི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རིན་ཆེན་དར་ལོ་རྣམ་གཉིས་དང་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།