ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༥/༠༧/༡༩

TV Schedule

༢༡:༣༠ - ༢༢:༣༠

ཀུན་གླེང་། ༢༠༢༡ ལོའི་ཟླ་༩ ཚེས་༢༩

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་བོད་མི་མང་སྤྱི་འཐུས་ཀྱི་ནང་མོལ་ཚོགས་འདུས་གསལ་བསྒྲགས་སྤེལ་མེད་པ་དང་། རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་བཞུགས་སྒར་དུ་ཕེབས་པ། ཨ་རི་དང་རྒྱ་གར་གྱི་འབྲེལ་ལམ་ཇེ་བཟང་དང་པ་ཀི་སི་ཐན་གྱི་བློ་འཚབ། མེང་ཝན་ཀྲོའུ་གློད་གྲོལ། དབྱིན་ཇི་བ་ཧོང་ཀོང་ལ་རྩིས་སྤྲོད་ཀྱི་སེམས་ཁུར་ཡོང་བཞིན་པ་སོགས་ཡོད། ཀུན་གླེང་ལས་རིམ་དུ་བསོད་ནམས་གཡང་འཛོམས་ཀྱིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་རྩོམ་སྒྲིག་པ་ཚེ་བརྟན་དབང་ཕྱུག་དང་ལྷན་རྒྱ་ནག་གི་མཱེང་ཝན་ཀྲོའུ་གློད་གྲོལ་བཏང་བའི་རྒྱབ་ལྗོངས་ལ་དབྱེ་ཞིབ་བྱས་ཡོད་པ་དང་། དེ་བཞིན་དུ་ཚེ་རིང་སྐྱིད་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལ་རྒྱ་བལ་འབྲུག་གསུམ་གྱི་བོད་མི་ཉམ་ཐག་ཚོར་རོགས་སྐྱོར་མ་དངུལ་བསྡུ་སྟངས་ཐད་ལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ནས་ལམ་སྟོན་བཀོད་ཁྱབ་ཅིག་གནང་ཡོད་པ་དེའི་དམིགས་ཡུལ་སོགས་ཀྱི་སྐོར་ལ་བགྲོ་གླེང་ཞུས་ཡོད་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།

XS
SM
MD
LG