TV Schedule
༢༢:༠༠ - ༢༢:༣༠
ཀུན་གླེང་། ༢༠༢༤ ལོའི་ཟླ་༨ ཚེས་༢༩
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་ཕོ་བྲང་དཀར་པོའི་སློབ་སྟོན་པ་རྒྱ་ནག་གི་འགོ་ཁྲིད་ཁག་དང་མཇལ་འཕྲད་གནང་བ་དང་། འཛམ་གླིང་དཀྱིལ་ཤར་ཁུལ་གྱི་ཟིང་ཆ། ཨ་རིའི་འོས་བསྡུ་དང་དཀྱིལ་ཤར་སྲིད་ཇུས། ཨ་རིའི་དམག་མི་ཕྱིར་འཐེན་བྱས་པའི་རྗེས་ཀྱི་ཨབ་གྷ་ནི་སི་ཐན་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སོགས་ཡོད། ཐེངས་འདིའི་དཔེ་ཀློག་ལེ་ཚན་ནང་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་ཝཱ་ཎ་མཐོ་སློབ་ཀྱི་རྩོམ་རིག་སློབ་དཔོན་ལྷ་སྒང་བློ་བཟང་ཆོས་གྲགས་ལགས་གདན་ཞུས་ཀྱིས་ཁོང་གིས་སློབ་སྟོན་འོག་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཤཱསྟྲི་བསླབ་པ་མཐར་སོན་གྱི་སློབ་མ་ཚོའི་སློབ་ཐོན་ཆེད་དེབ་སྟེ། དཎྜིའི་བཞད་སྒྲ་ཞེས་པ་ཞིག་བརྩམས་ཡོད་པ་དེའི་བརྗོད་བྱ་དང་ཁྱད་ཆོས་སོགས་ལ་གླེང་མོལ་ཁག་ཅིག་ཞུ་རྒྱུ་ཡིན།